དབུ་ཤོག>གསར་འགྱུར།
  • “གངས་ལྗོངས་ས་མཐོའི་སྟོངས་ལ་ཉེ་བའི་བ་གླང་གི་རྒྱུད་པ་མ་ཆད་པ་བྱེད་ཀྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-17

    889f9274-69e5-490a-95ff-c28d6cc02ea8.jpg.jpg

    འདི་ནི་བརྟག་ཞིབ་ཚོགས་པའི་ལས་མིས་འགྲམ་གྱི་བ་གླང་གི་རྣ་བའི་གྲུབ་ཆའི་མ་དཔེ་ལེན་བཞིན་པ།

    ང་ཕོད་རྒྱ་ཚའི་བ་གླང་དང་འགྲམ་གྱི་བ་གླང་ནི་རྒྱལ་ཁབ་ཀྱིས་ས་མཐོའི་ཁོར་ཡུག་ལ་འཕྲོད་པའི་གླང་རྒྱུད་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཐོན་ཁུངས་ཡིན་མོད། འོན་ཏེ་མིག་སྔར་གླང་རྒྱུད་འདི་གཉིས་ཀྱི་མགོ་གྲངས་ཉུང་དུ་ཕྱིན་ནས་སྟོངས་ཉེར་ཡོད། རྒྱལ་ཡོངས་ཕྱུགས་རིགས་བྱ་རིགས་རྒྱུད་འཛིན་ཐོན་ཁུངས་ཡོངས་བཤེར་ལས་དོན་ཐེངས་གསུམ་པ་གཏིང་ཟབ་སྤེལ་བ་དང་བསྟུན་ནས། མྱུར་སྐྱོབ་རང་བཞིན་གྱི་རྒྱུད་སྲུང་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

    མགོ་གྲངས་བརྒྱ་ཡང་མ་ཟིན་པས། རྒྱུད་པ་ཆད་པའི་ཉེན་ཁ་ཆེ།

    2021ལོའི་ལོ་འགོར། ཞིང་ལས་གྲོང་གསེབ་པུས་དུས་ཡུན་ལོ་གསུམ་གྱི་རྒྱལ་ཡོངས་ཕྱུགས་རིགས་བྱ་རིགས་རྒྱུད་འཛིན་ཐོན་ཁུངས་ཡོངས་བཤེར་ལས་དོན་ཐེངས་གསུམ་པ་སྤེལ་འགོ་ཚུགས་པ་དང་ཆབས་ཅིག མཚོ་བོད་ས་མཐོའི་ཕྱུགས་རིགས་བྱ་རིགས་རྒྱུད་འཛིན་ཐོན་ཁུངས་གཙོ་གནད་བརྟག་དཔྱད་ལས་དོན་ཡང་སྤེལ་འགོ་ཚུགས་པ་རེད། 2021ལོའི་ཡོངས་ཁྱབ་ཞིབ་བཤེར་དང་2022ལོའི་མ་ལག་ཞིབ་དཔྱད་ལྟར་ན། ང་ཕོད་རྒྱ་ཚའི་བ་གླང་39ལས་ལྷག་མེད་པ་ཚང་མ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་འབྲེང་མཇུག་གྲོང་ཚོར་ཡོད་པ་དང་། འགྲམ་གྱི་བ་གླང་19ལས་ལྷག་མེད་པ་ཚང་མ་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་སྤང་གྲོང་ཚོར་ཡོད་པ་རེད།

    “ང་ཕོད་རྒྱ་ཚའི་བ་གླང་ནི་ཞིང་འབྲོག་དུད་ཚང་ཁག་གིས་རང་གསོ་རང་སྤེལ་བྱེད་པ་ཞིག་ཡིན་པས་ཁྱུ་ཚོགས་ཀྱི་གཞི་ཁྱོན་ཅུང་ཆུང་། འབྲེང་མཇུག་གྲོང་ཚོས་བ་གླང་གི་རྒྱུད་པ་ལེཌ་གཏོང་ལས་དོན་མ་སྤེལ་བས་རྒྱུད་པ་འདི་སྲུང་འཛིན་ཐུབ་ཀྱང་ཞན་འགྱུར་ཤུགས་ཆེན་ཕྱིན་ནས་སྟོངས་ལ་ཉེ་བར་གྱུར་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་འབྲོག་ལས་ཕྱུགས་རིགས་སྨན་ཁང་གི་རིམ་མཐོའི་ཕྱུགས་རིགས་སྨན་པ་ཚེ་རིང་གིས་བཤད།

    “ང་ཕོད་རྒྱ་ཚའི་བ་གླང་དང་འགྲམ་གྱི་བ་གླང་གཉིས་ཀ་ས་གནས་དེ་གའི་འགྲན་སློང་རང་བཞིན་གྱི་ཁོར་ཡུག་ལ་འཕྲོད་པའི་རྒྱུད་བཟང་བ་གླང་ཞིག་ཡིན་ཡང་མིག་སྔར་གསོ་ཚགས་བྱེད་པར་རྦད་དེ‘གནམ་ལ་བརྟེན’དགོས་པས། ད་ཆ་བ་གླང་གི་རྒྱུད་པ་འདི་གཉིས་སྟོངས་ལ་ཉེ་བར་གྱུར་ནས། རྒྱུད་འཛིན་ཐོན་ཁུངས་བཟང་པོ་དེ་ས་གནས་དེ་གའི‘མིང་བྱང’ངོ་མར་འགྱུར་ཐུབ་མེད”ཅེས་ང་ཕོད་རྒྱ་ཚའི་བ་གླང་དང་འགྲམ་གྱི་བ་གླང་ལ་བརྟག་དཔྱད་བྱེད་མྱོང་ཡོད་པའི་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཡཱ་ཁྲུན་གྱིས་བཤད།

    རིགས་རྒྱུད་སྲུང་སྐྱོང་ལས་དོན་མྱུར་དུ་སྤེལ། མྱུར་སྐྱོབ་རང་བཞིན་རྒྱུད་སྲུང་ཇུས་གཞི་བཏོན།

    རིགས་རྒྱུད་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཡིན་པས་རིགས་རྒྱུད་དར་སྤེལ་ལས་དོན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། འདི་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ། ཞིང་ལས་གྲོང་གསེབ་པུས་བརྟག་ཞིབ་ཚོགས་པ་ཞིག་ཀོང་པོ་རྒྱ་མདའ་རྫོང་འབྲེང་མཇུག་གྲོང་ཚོར་མངགས་ནས་ད་ཡོད་ཀྱི་ང་ཕོད་རྒྱ་ཚའི་བ་གླང་གི་ལྗིད་ཚད་དང་ཆེ་ཆུང་སོགས་ཚད་འཇལ་དང་དེ་བཞིན་ཁྲག་གི་མ་དཔེ་དང་རྣ་བའི་གྲུབ་ཆའི་མ་དཔེ་སོགས་བླངས་ནས། ང་ཕོད་རྒྱ་ཚའི་བ་གླང་གི་མ་དཔེ་འཚོལ་སྡུད་དང་སྐྱེ་འཚར་ནུས་པ་ཚད་འཇལ་གཏན་འཁེལ་བྱས་པ་རེད།

    “ང་ཕོད་རྒྱ་ཚའི་བ་གླང་དང་འགྲམ་གྱི་བ་གླང་མྱུར་སྐྱོབ་རང་བཞིན་གྱི་རྒྱུད་སྲུང་ལས་དོན་འགོར་འགྱངས་མི་གཏོང་བར་ངེས་པར་ཏུ་གནས་ཚུལ་མཐིལ་རྟོགས་བྱས་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས” ཞིང་ལས་གྲོང་གསེབ་པུའུ་སོན་ལས་དོ་དམ་སི་དང་རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་དང་མཉམ་དུ《བོད་ཀྱི་ང་ཕོད་རྒྱ་ཚའི་བ་གླང་མྱུར་སྐྱོབ་རང་བཞིན་གྱི་རྒྱུད་སྲུང་ཇུས་གཞི》དང《བོད་ལྗོངས་འགྲམ་གྱི་བ་གླང་མྱུར་སྐྱོབ་རང་བཞིན་གྱི་རྒྱུད་སྲུང་ཇུས་གཞི》བཟོས་ཡོད་ཅེས་རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཕྱུགས་རིགས་བྱ་རིགས་ཐོན་ཁུངས་ཁྲུའི་ཁྲུའུ་ཀྲང་ཡུས་ཧྥུའུ་ཆིང་གིས་བཤད།

    བྱེད་ཐབས་སྣ་ཚོགས་སྤྱད་དེ་རིགས་རྒྱུད་སྲུང་། སྟོངས་ལ་ཉེ་བའི་རིགས་རྒྱུད་མ་ཆད་བྱེད།

    རྒྱུད་སྲུང་ཇུས་གཞི་ལྟར་ན། ས་གནས་དེ་ག་རང་དུ་ང་ཕོད་རྒྱ་ཚའི་བ་གླང་དང་འགྲམ་གྱི་བ་གླང་གི་རྒྱུད་སྲུང་ར་བ(སྲུང་སྐྱོང་ཁུལ)བཙུགས་ནས་དེའི་རྒྱུད་བཟང་རང་བཞིན་དང་དམིགས་བསལ་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། བ་གླང་གི་རྒྱུད་པ་གཙང་མ་རྒྱུད་སྤེལ་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་འཆར་གཞི་ལྡན་པའི་ངང་བ་གླང་རྒྱུད་པ་གསོ་སྤེལ་དང་བཟང་སྒྲུག་བསྐྱར་གསོ་བྱེད་རྒྱུ། ཡིག་ཚགས་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས་རིགས་རྒྱུད་སྡེབ་སྦྱོར་བྱས་ཐོ་དང་བེའུ་སྐྱེ་ཐོ་སོགས་གསལ་པོར་བཀོད་དེ་རྒྱུད་རབས་ཡིག་ཚགས་ཆ་ཚང་བཟོ་རྒྱུ་ཡིན་པ་རེད།

    ཀོང་པོ་རྒྱ་མདའ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ང་ཕོད་རྒྱ་ཚའི་བ་གླང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། “གངས་ལྗོངས་ས་མཐོའི་སྟོངས་ལ་ཉེ་བའི་བ་གླང་རྒྱུད་པ་མ་ཆད་པ་བྱེད་ཀྱི་ཡིན”ཞེས་བཤད་པ་དང་། གཉའ་ལམ་རྫོང་གིས་ཉེ་ཆར་འགྲམ་གྲོང་རྡལ་དུ་ཞིང་དུད་5ལས་གྲུབ་པའི་འགྲམ་གྱི་བ་གླང་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ཏེ་སྲུང་སྐྱོང་བྱེད་པོ་ཁ་གསལ་བཟོས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཚོགས་པ་བཙུགས་ནས། རིགས་རྒྱུད་སྲུང་སྐྱོང་ལག་རྩལ་ཐད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག སྡེ་ཚན་ཁག་གི་སྔོན་རྩིས་རྣམ་གྲངས་ཀྱི་གྲོན་དངུལ་སྤྱད་ནས་རྒྱུད་སྲུང་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

    ཡུས་ཧྥུའུ་ཆིང་གིས། སྟོངས་ལ་ཉེ་བའི་ཐོན་ཁུངས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་པར་རིམ་པ་ཁག་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་བྱེད་ཐབས་སྣ་མང་སྤྱད་དེ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཁར། ཐོན་ཁུངས་མི་བརླག་པ་དང་རྩ་མེད་དུ་མི་འགྲོ་བའི་འགན་ལེན་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རྒྱུ་ནོར་རྩ་ཆེན་འཇོག་དགོས་ཞེས་བཤད་པ་རེད།

    47258515-9dc1-4145-9848-3027c7691872.jpg.jpg

    འདི་ནི་བརྟག་ཞིབ་ཚོགས་པའི་ལས་མིས་ས་གནས་དེ་གའི་མི་ལ་ང་ཕོད་རྒྱ་ཚའི་བ་གླང་གི་སྐོར་འདྲི་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།