དབུ་ཤོག
  • ཏོག་གསར་ནད་དུག་འགོས་རྗེས་ཡང་བསྐྱར་འགོ་སྲིད་དམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-12-16

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་རིགས་གཅིག་མཁས་ཅན་གྱིས་མི་རྣམས་ཀྱིས་གླེང་མང་བའི་རིམས་འགོག་སྐོར་གྱི་གནད་དོན་ལ་ལན་བཏབ་འདུག

    གཅིག ཏོག་གསར་ནད་དུག་ཐེངས་གཅིག་འགོས་རྗེས་ཡང་བསྐྱར་འགོ་སྲིད་དམ། དུས་ཚོད་གང་ཙམ་སོང་རྗེས་ཐེངས་གཉིས་པ་འགོ་སྲིད་དམ།

    ལན། ཏོག་གསར་ནད་དུག་ཐེངས་གཅིག་འགོས་རྗེས། མིའི་ལུས་པོའི་ནད་འགོག་ནུས་པས་སྲུང་སྐྱོང་གི་ནུས་པ་ངེས་ཅན་ཐོན་གྱི་ཡོད་མོད། འོན་ཀྱང་ཨའོ་སྨི་ཁེ་རུང་གི་ངོ་བོ་འགྱུར་སླ་བ་དང་གང་དེ་ནད་འགོག་ནུས་པར་གཡོལ་མཁས་པས། དྲག་སྐྱེད་བྱུང་མཁན་ལ་ནད་དུག་ཐེངས་གཉིས་པ་མི་འགོ་བའི་ངེས་པ་མེད། ཡིན་ནའང་ཕྱི་རྒྱལ་དུ་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་པར། ཨའོ་སྨི་ཁེ་རུང་འགོས་རྗེས་ནད་རྟགས་ཡོད་མེད་གང་ཞིག་ཡིན་རུང་ཟླ་3ནས་6ནང་ཚུན་དུ་ཐེངས་གཉིས་པ་འགོ་བའི་ཚད་གཞི་ཧ་ཅང་དམའ་པོ་ཡིན་པ་དང་མི་མང་ཆེ་བར་དུས་ཡུན་རིང་པོའི་ནང་ཡང་བསྐྱར་འགོ་ཡི་མེད། མི་སྒེར་གྱི་ངོས་ནས་བརྗོད་ན། རིམས་ནད་འགོག་པའི་བྱེད་ཐབས་ཡག་ཤོས་ནི་སྔར་བཞིན་འགོག་སྲུང་ཡག་པོ་བྱས་ཏེ། ཁ་རས་རྒྱག་པ་དང་། ལག་པའི་གཙང་སྦྲར་དོ་སྣང་བྱེད་པ། མི་དང་མིའི་དབར་བར་ཐག་འཇོག་པ་སོགས་བྱེད་དགོས་པ་མ་ཟད། ཏོག་གསར་རིམས་འགོག་སྨན་ཁབ་གཟེད་ནས་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་དེ་རེད།

    གཉིས། ནད་དུག་ཡང་བསྐྱར་འགོས་ཚེ་ནད་རྟགས་དེ་སྔོན་ལས་ཆེ་བ་ཡོད་དམ།

    ལན། མིག་སྔར། ནད་དུག་ཡང་བསྐྱར་འགོས་ཚེ་ནད་རྟགས་དེ་སྔོན་ལས་ཆེ་རུ་འགྲོ་སྲིད་ཅེས་པའི་ཁ་ཚོན་གཅོད་མཁན་མེད། མིག་སྔའི་ནད་དཔེར་བལྟས་ན། ནད་པ་ཉུང་ཤས་ཤིག་ལ་ནད་དུག་ཡང་བསྐྱར་འགོས་ཚེ་ནད་རྟགས་ཆེ་རུ་འགྲོ་བའི་རྣམ་པ་མངོན་གྱི་ཡོད་ཀྱང་། ནད་པ་འདི་འདྲ་ནི་ཧ་ཅང་ཉུང་ཉུང་རེད། ཨའོ་སྨི་ཁེ་རུང་གི་ནད་སློང་ནུས་པ་ཆུང་དུ་འགྲོ་བཞིན་ཡོད་པས། ནད་དུག་འགོ་ཐེངས་དང་པོའམ་གཉིས་པ་གང་ཞིག་ཡིན་རུང་ནད་རྟགས་ལྕི་པོར་འགྱུར་ཚད་ཧ་ཅང་དམའ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།