དབུ་ཤོག>གསར་འགྱུར།
  • ཨེ་ཤེ་ཡའི་མཚོ་ཐོག་རྡོ་སྣུམ་ཐོན་སྐྱེད་ཀྱི་སྟེགས་བུ་ཆེ་ཤོས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-13

    ca93d716-04b1-458c-b92b-b9abc962e5ed.jpg.jpg

    འདི་ནི་ཀྲུའུ་ཅང་གཙང་པོའི་ཆུ་འགོའི་གཤོང་སར་གནས་པའི་ཨེན་ཕིང་15—1གི་སྣུམ་ཞིང་ཚོགས་པའི་དུས་འགོའི་རྣམ་གྲངས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

    སྣུམ་ཞིང་ཚོགས་པའི་འཛུགས་སྐྲུན་ནང་ཨེ་ཤེ་ཡའི་མཚོ་ཐོག་རྡོ་སྣུམ་ཐོན་སྐྱེད་སྟེགས་བུ་ཆེ་ཤོས་ཨེན་ཕིང་15—1གི་སྟེགས་བུ་དང་། ཀྲུའུ་ཅང་གཙང་པོའི་གཤོང་སའི་གསར་དུ་བསྐྲུན་པའི་མི་མེད་སྟེགས་བུ་ཐོག་མ་ཨེན་ཕིང་གི་སྟེགས་བུ་ཨེན་ཕིང་10—2ཀྱི་ལས་སྟེགས། རང་རྒྱལ་གྱི་མཚོ་ཐོག་དབྱང་གཉིས་ཐཱན་འགྱུར་ཉར་ཚགས་སྒྲིག་ཆས་ཐོག་མ་སོགས་ཡོད་ཅིང་། དེ་དག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་དང་། རྒྱ་མཚོའི་ཚན་རྩལ་རང་ཚུགས་རང་སྟོབས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།