དབུ་ཤོག
  • རྒན་རྒོན་ལ་ཏོག་གསར་འགོག་ཁབ་རྒྱག་པའི་སྐོར་གྱི་དྲི་བ་དྲིས་ལན།(2)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-12-12

    1.རིམས་འགོག་སྨན་ཁབ་རྒྱག་པའི་བར་མཚམས་དུས་ཚོད་ཅུང་རིང་པོ་ཕྱིན་ན་ད་དུང་ནུས་པ་ཡོད་དམ།

    ནུས་པ་ཡོད། དེ་སྔོན་རིམས་འགོག་སྨན་ཁབ་གཞན་དག་བེད་སྤྱོད་བྱས་པའི་ཉམས་མྱོང་ལྟར་ན། འགོག་ཁབ་བརྒྱབ་པའི་བར་མཚམས་དུས་ཚོད་ཡོལ་ནའང། རིམས་འགོག་སྨན་ཁབ་ཀྱི་སྤྱི་ཡོངས་ཀྱི་རིམས་འགོག་ཕན་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་མེད། འོན་ཀྱང་གལ་ཏེ་བར་མཚམས་ཀྱི་དུས་ཚོད་ཡོལ་ཚད་ཇི་ཙམ་རིང་ན།  ནད་འགོག་གི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་བསྟུན་ནས། རིམས་ནད་ཀྱི་འགོ་ཁུངས་ཐོན་ཚེ། ནད་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་གི་ཡོད། དེར་བརྟེན་ཆ་རྐྱེན་དང་མཐུན་མཁན་ཚོས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བར་མཚམས་དུས་ཚོད་ཀྱི་བླང་བྱ་ལྟར་རིམས་འགོག་ཤུགས་སྣོན་སྨན་ཁབ་དུས་ཐོག་དང་མགྱོགས་ཙམ་རྒྱག་དགོས། 

    2.རྒན་རྒོན་ཚོའི་ཏོག་གསར་རིམས་འགོག་ཤུགས་སྣོན་སྨན་ཁབ་ཇི་ལྟར་རྒྱག་དགོས་སམ།

    ད་ལྟ་བར་རིམས་འགོག་སྨན་ཁབ་ཚང་མ(སྔོན་གྱི་ཁབ་གཉིས)བརྒྱབ་ནས་ཟླ་གསུམ་སོང་བའི་ལོ་60ཡན་དང་ལོ་དེ་ལས་མཐོ་བའི་མི་ཚོགས་ལ་རིམས་འགོག་ཤུགས་སྣོན་སྨན་ཁབ(ཁབ་གསུམ་པ)རྒྱག་གི་ཡོད་པས། ཆ་རྐྱེན་འཛོམས་མཁན་ཚོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར་སྨན་ཁུངས་གཅིག་པའམ་ཡང་ན་རིམ་བརྒྱུད་རིམས་འགོག་ཤུགས་སྣོན་སྨན་ཁབ་རྒྱག་དགོས།

    3.རྒན་རྒོན་ཚོས་ཏོག་གསར་རིམས་འགོག་སྨན་ཁབ་དང་ཆམ་རིམས་འགོག་ཁབ་དུས་གཅིག་ཏུ་རྒྱག་ཆོག་གམ།

    རྒྱག་ཆོག《ཀྲུང་གོའི་ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན(2022ལོ་ནས་2023ལོ་བར)》ལྟར་ན། ལོ་18དང་དེ་ཡན་གྱི་མི་ཚོགས་ལ་ཆམ་རིམས་འགོ་གནོན་འགོག་ཁབ་དང་ཏོག་གསར་རིམས་འགོག་སྨན་ཁབ་དུས་གཅིག་ཏུ་རྒྱག་ཆོག དེ་མིན་རིམས་འགོག་སྨན་ཁབ་ནི་རང་རྒྱལ་གྱི《ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན(པར་གཞི་དང་པོ)》གྱི་བསམ་འཆར་གཞིར་བཟུང་། ཏོག་གསར་རིམས་འགོག་སྨན་ཁབ་དང་དེ་མིན་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་བར་མཚམས་ཉུང་མཐར་ཡང་ཉིན་14འཇོག་དགོས།

    གལ་ཏེ་ཉེ་ཆར་ཁྱི་སྨྱོན་རིམས་འགོག་སྨན་ཁབ་དང་ཐག་དབྱིབས་ཆུ་འབྲུམ་རིམས་འགོག་སྨན་ཁབ་དམ་ཡང་ན་རིམས་འགོག་སྨན་ཁབ་གཞན་དག་བརྒྱབ་མ་ཐག་ཡིན་ན། བར་མཚམས་ཉིན་14བཞག་རྗེས་གཞི་ནས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། དེ་དང་འདྲ་བར། ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ནས་ཉིན་14སོང་མཚམས་གཞི་ནས་རིམས་འགོག་སྨན་ཁབ་གཞན་དག་རྒྱག་རྒྱུའི་གྲོས་འགོའང་འདོན་རྒྱུ་ཡིན། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་ཁ་ཤས་ཏེ། དཔེར་ན་སྲོག་ཆགས་ཀྱིས་རྨས་སྐྱོན་བཏང་བའམ་ཡང་ན་ཕྱི་རྨས་སོགས་བྱུང་བའི་དབང་གིས་ཁྱི་སྨྱོན་རིམས་འགོག་སྨན་ཁབ་དང་། འཛུམ་བུ་ལྟག་དགྱེ་འགོག་སྨན།    རིམས་ཁེགས་ཟླུམ་སྤྲི་དཀར་བཅས་རྒྱག་དགོས་པའམ་ཡང་ན་འགོས་ནད་སོགས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཏུ་འཕྲལ་བསྟུན་སྨན་ཁབ་དཔེར་ན་ཆུ་ཐོར་གྱི་རིམས་འགོག་སྨན་ཁབ་དང་། སིབ་བི་དང་། འགྲམ་རྨེན་ནད་དུག  རླུང་འབྲུམ་ནད་དུག་བཅས་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས་ཚེ་བར་མཚམས་དུས་ཚོད་ལ་བསམ་གཞིག་བྱ་མི་དགོས།     དེ་ཡང་ཞིབ་ཕྲ་རིམས་འགོག་སྨན་ཁབ་ཐོན་རྫས་ཀྱི་གསལ་བཤད་ཡི་གེར་ཚད་འཛིན་དགོས།  

    4.གནས་ཚུལ་ཅི་འདྲའི་འོག་ཏུ་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མི་རུང་ངམ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་གསར་ནད་དུག་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཁྱབ་བསྒྲགས་བྱས་པའི《རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་རྒྱག་པའི་ལས་དོན་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(རྒྱལ་འཕྲོད་གསལ་འཕྲིན[2022]ཡིག་ཨང་484པ)ནང་རིམས་འགོག་སྨན་ཁབ་རྒྱག་པའི་འཛེམ་བྱ་སྔར་བས་ཁ་གསལ་བཀོད་ཡོད་པ་སྟེ།

    གཅིག དེ་སྔོན་རིམས་འགོག་སྨན་ཁབ་བརྒྱབ་ནས་ཚབས་ཆེའི་སྨན་ལོག་ཐེབས་མྱོང་ཡོད་པ་སྟེ། དཔེར་ན་སྨན་ལོག་ཐེབས་ནས་དྲན་མེད་བརྒྱལ་བ་དང་ཨོལ་མགོ་ཆུ་སྐྲངས་ཐོན་པ་ལྟ་བུ།     

    གཉིས། དོས་དྲག་རང་བཞིན་གྱི་གཉན་ཁར་ཚ་བ་རྒྱས་པའི་དུས་རིམ་དུ་གནས་པར་རིམས་འགོག་སྨནཁབ་རྒྱག་རྒྱུ་ཕྱིར་འགྱངས་བྱེད་པ།     

    གསུམ། ཚབས་ཆེའི་དལ་བའི་རང་བཞིན་གྱི་ནད་གཞི་ཕོག་པའི་དུས་སུ་གནས་སྐབས་རིང་རིམས་འགོག་སྨན་ཁབ་རྒྱག་མི་དགོས། དཔེར་ན། རྫས་འགྱུར་གསོ་བཅོས་བྱེད་བཞིན་པའི་སྐྲན་ནད་ཕོག་མཁན་དང་། ཁྲག་ཤེད་མཐོ་བའི་ཉེན་ལྟས་བྱུང་བའི་ནད་པ། པྲོག་རྩའི་སྙིང་ནད་ཕོག་པའི་ནད་པ། རང་ལུས་ནད་ཁེགས་རང་བཞིན་གྱི་དབང་རྩའི་མ་ལག་གི་ནད་གཞི་རྒྱས་པའི་དུས་སུ་གནས་པ་དང་། བརྒྱལ་གཟེར་ཅན་གྱི་ནད་པའི་ནད་གཞི་ཕོག་པའི་དུས་སུ་གནས་པ་སོགས་སོ།     

    བཞི། གཅོང་ནད་ཚབས་ཆེ་བའི་རྐྱེན་གྱིས་ཚེ་སྲོག་གི་མཇུག་མཐའི་དུས་རིམ་ལ་སླེབས་པའི་ནད་པ། 

    5.དེ་སྔ་ཏོག་གསར་རིམས་ནད་ཕོག་མྱོང་བར་ད་དུང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས་སམ།

    དགོས།  ད་ཡོད་ཀྱི་ཞིབ་འཇུག་གྲངས་གཞིའི་ཐོག་ནས་མངོན་པར། ཏོག་གསར་རིམས་ནད་ཕོག་མྱོང་བའི་ནད་པར་དེ་རྗེས་ཀྱི་ཟླ་དྲུག་ནང་ཡང་བསྐྱར་ཏོག་གསར་རིམས་ནད་ཕོག་པའི་གནས་ཚུལ་ཐོན་དཀོན་པོ་ཡིན། དེ་སྔ་ཏོག་གསར་རིམས་ནད་ཕོག་མྱོང་མཁན(ནད་པའམ་ནད་རྟགས་མེད་པའི་ནད་པ)ཚོར་གནས་ཚུལ་དེ་གསལ་པོར་བཤད་པའི་རྨང་གཞིའི་ཐོག་ཟླ་དྲུག་གི་རྗེས་སུ་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་གཅིག་རྒྱག་ཆོག

    ཡོངས་ཁུངས། བོད་ལྗོངས་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།