དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་མྱ་ངན་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-12-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་མུ་མཐུད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བ་དང་འབྲེལ་བྱེད་ཐབས་གཞན་དག་བརྒྱུད་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་རེད།

    ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ། ཙུང་ལི་ཧྥན་མིང་ཀྲེང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་བཅས་ཀྱིས། བློ་མཐུན་ཅང་ཙེ་མིན་ནི་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་གཟེངས་སུ་ཐོན་པའི་མཛད་རྗེས་ཀྱང་བཞག་གནང་ཡོད། བློ་མཐུན་ཅང་ཙེ་མིན་དང་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་གྱིས་ཐུན་མོང་ཐོག་གཏན་འཁེལ་གནང་བའི“ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུང་ལ་ཕྱོགས་པ། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན། ཁྱོན་ཡོངས་ནས་མཉམ་ལས”ཞེས་པའི་རྒྱ་ཡིག་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་ཝེ་ཀྲུང་རྒྱལ་ཁབ་གཉིས་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ་བཅས་བྱེད་དགོས་ཞེས་བཏོན་གནང་བ་ལས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་མ་ཟད། གྲུབ་འབྲས་གལ་ཆེན་ཐོབ་པར་ཁ་ཕྱོགས་གསལ་པོའང་བསྟན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་བརྗོད།

    ནེ་པ་ལའི་ཙུང་ཐུང་པན་ཏཱ་ལིས། ཀྲུའུ་ཞི་ཅང་ཙེ་མིན་ནི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་དང་གཟིགས་རྒྱང་རིང་བའི་ཆབ་སྲིད་མཁས་ཅན་ཞིག་ཡིན་པས། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་བཏོན་གནང་ཡོད། ནེ་པ་ལས་ཀྲུའུ་ཞི་ཅང་ཙེ་མིན་གྱིས་ནེ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་སྐྱེད་སྲིང་དང་སྲ་བརྟན་དུ་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཀྱི་ཡིན་ཞེས་བརྗོད།

    ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཡིས། སྐུ་ཞབས་ཅང་ཙེ་མིན་གྱིས་ཀྲུང་གོའི་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ཆེད་ཕུལ་བའི་ལེགས་སྐྱེས་ནི་མི་རྣམས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་ཀྱི་རེད་ཅེས་བརྗོད།

    ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་གིས། ཀྲུའུ་ཞི་ཅང་ཙེ་མིན་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ཀྲུང་གོའི་འགོ་ཁྲིད་པ་ཞིག་ཡིན་པ་མ་ཟད། ཐེ་ལན་མི་དམངས་ཀྱིས་གུས་བཀུར་ཆེན་པོ་ཞུ་བའི་ནང་མི་ཞིག་དེ་བས་ཀྱང་རེད། 1999ལོར་ཀྲུའུ་ཞི་ཅང་ཙེ་མིན་གྱིས་ཐེ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ལས་ཐེ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཡོད་ཅེས་བརྗོད།

    མོ་རོ་ཁོའི་རྒྱལ་པོ་མོ་ཧན་མོ་ཏེ་ཁྲི་ཐོག་དྲུག་པས། ཀྲུའུ་ཞི་ཅང་ཙེ་མིན་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བརྗོད།

    པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་དེ་ཀྲུའུ་ཞི་ཅང་ཙེ་མིན་གྱིས་འགན་བཞེས་རིང་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱུང་ནས། པར་ཙིར་འདི་ཉིད་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་པོར་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བརྗོད།

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏེ་དང་། ཁ་ཐར་གྱི་ཨའེ་སྨིར་ཐཱ་སྨི་མུའུ། ཨོ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ། ཡེ་མེན་གྱི་ཙུང་ཐུང་འགོ་ཁྲིད་ཨུ་ལྷན་གྱི་ཀྲུའུ་ཞི་ཨ་ལི་སྨི། ལོ་སི་སྲིད་གཞུང་གི་ཙུང་ལི་ཕན་ཁན། མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ནཱ་ཐེ་སོགས་ཀྱིས་ཀྱང་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་བློ་མཐུན་ཅང་ཙེ་མིན་གྱི་ནང་མི་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་སེམས་གསོའི་འཚམས་འདྲི་ཟབ་མོ་ཞུས་པ་རེད།

    ཁུ་ཝེ་ཐེའི་ཨའེ་སྨིར་ནཱ་ཝ་ཧྥུའུ་དང་། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་ནེ་ཝེ་སི། ཁ་མེ་རོང་གི་ཙུང་ཐུང་པི་ཡ། དབུས་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ་སོགས་རྒྱལ་ཁབ་20ལྷག་ཙམ་གྱི་འགོ་ཁྲིད་པས་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་བློ་མཐུན་ཅང་ཙེ་མིན་གྱི་ནང་མི་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་སེམས་གསོའི་འཚམས་འདྲི་ཟབ་མོ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།