དབུ་ཤོག>གསར་འགྱུར།
  • ལུའོ་པོ་ཐེ·ཁུའུ་ཨེན་གྱིས“ཅང་ཙེ་མིན་གྱི་མཛད་རྗེས་ལོ་རྒྱུས་སུ་འཁོད་ངེས་རེད”ཅེས་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-12-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང《ཁོང་གིས་ཀྲུང་གོར་འགྱུར་ལྡོག་བཏང་། ཅང་ཙེ་མིན་གྱི་རྣམ་ཐར》གྱི་རྩོམ་པ་པོ་ལུའོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨེན་གྱིས་ཉིའུ་གཡོད་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། ཅང་ཙེ་མིན་གྱིས་འགན་བཞེས་ཡུན་ནང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་མཐའ་འཁྱོངས་དང་སྐུལ་འདེད་བཏང་སྟེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བ་ལོ་རྒྱུས་ཐོག་ནམ་ཡང་འཁོད་ངེས་རེད་ཅེས་བརྗོད་པ་རེད།

    ཁུའུ་ཨེན་གྱིས། ཅང་ཙེ་མིན་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས། ང་རང་གི་ནང་མི་ཞིག་མེད་པ་ཆགས་པའི་ཚོར་སྣང་བྱུང་། དེ་ནི་ངས་ལོ་མང་གི་དུས་ཚོད་སྤྱད་དེ་བྲིས་པའི་ཅང་ཙེ་མིན་གྱི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་ལས་བྱུང་བ་ཞིག་ཡིན་ཞེས་བརྗོད།

    ཁོང་གིས། ཅང་ཙེ་མིན་གྱིས་1989ལོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་སྐབས། ཀྲུང་གོར་གནོན་ཤུགས་ཆེན་པོ་འཕྲད་ཡོད་པས། ཁོང་གི་ལས་འགན་གཙོ་བོ་ནི་རྒྱལ་ནང་གི་བརྟན་ལྷིང་སླར་གསོ་བྱ་རྒྱུ་དེ་རེད་ཅེས་བརྗོད།

    ཁུའུ་ཨེན་གྱིས། ཅང་ཙེ་མིན་གྱིས་དུས་ཡུན་རིང་པོའི་ནང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཞིང་། ཁོང་གིས་དུས་རབས་གོང་མའི་ལོ་རབས་80པའི་དུས་འགོ་དང་དུས་དཀྱིལ་གྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པ་དང་ཇུས་འགོད་བྱེད་པའི་ནང་ཐད་ཀར་ཞུགས་ཡོད། 1995ལོ་ནས་1996ལོའི་བར་གྱི་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་1997ལོའི་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་ལས་བྱུང་བའི་འགྲན་སློང་ཐད། ཅང་ཙེ་མིན་གྱིས་ཀྲུང་གོའི་བརྟན་ལྷིང་རྒྱུན་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ཡོད། ཁོང་གིས་སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་རུང་ཅི་དང་ལྷན་དུ་2001ལོར་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དམིགས་ཚད་མངོན་འགྱུར་གནང་ཡོད། དེས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་རྒྱུན་མཐུད་འཕར་རྒྱུར“བགྲོད་ལམ་གལ་ཆེན་ཞིག་གཏན་འཁེལ་བྱས་ཡོད”ཅེས་བརྗོད་པ་རེད།

    ཁུའུ་ཨེན་གྱིས། ཅང་ཙེ་མིན་གྱི་སྤྲོ་སེམས་རབ་ཏུ་འཕེལ་བའི་རང་གཤིས་ལས་ཁོང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་དབར་འབྲེལ་བ་དམ་ཟབ་བཙུགས་ཡོད། སྐད་རིགས་ལ་དགའ་ཞེན་ཆེ་བ་ལས་ཅང་ཙེ་མིན་གྱིས་རིག་གནས་མི་འདྲ་བར་མཁྱེན་རྟོགས་ཟབ་མོ་ཡོད། ཁོང་གིས་1997ལོར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཅང་ཙེ་མིན་གྱིས་ཧ་ཧྥོ་སློབ་ཆེན་དུ་དབྱིན་ཡིག་ཐོག་ནས་གཏམ་བཤད་གནང་སྐབས། ཁོང་གི་ཡིད་ཆེས་ཀྱིས་ཁེངས་པ་དང་དགོད་བྲོ་བའི་གཏམ་བཤད་ལ་ཚང་མའི་དགའ་བསུ་ཐོབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།