མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་དང་འཕེལ་རྒྱས་འགན་ལེན་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་སྲིད་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། “རིམས་ནད་བཀག་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་གཏོང་བ། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་བྱེད་པ། མི་དམངས་ལ་འགན་ཧ་ཅང་ཆེན་པོ་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་སྲིད་འཛིན་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ང་ཚོར་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ་དང་། བདེ་འཇགས་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་གང་ལེགས་མཚོན་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་པ་དང་། བདེ་འཇགས་དང་ཐོན་སྐྱེད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པར་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་འཇོག་པའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ།“འཕྱུགས་པ་གཏན་ནས་མེད་པའི”ཚད་གཞི་བརྟན་སྲུང་དང“ནོར་འཁྲུལ་གཅིག་ཐོན་ཚེ་ཚང་མ་འཕྱུགས་འགྲོ་བའི”ཉེན་ཟོན་རྟག་ཏུ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་སྔར་བས་དམ་འཛིན་ཏན་ཏིག་བྱེད་པ། ཁྲལ་སེལ་སླ་བཅོས་དང་། བག་མེད་ལྷོད་གཡེང་། སྟེས་དབང་བསམ་བློ་སོགས་ཀྱི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས། ལས་འཛོལ་ཆེན་པོ་དང་ཚབས་ཆེན་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
བདེ་འཇགས་ཀྱི་འགན་འཁྲི་རི་བོ་ལས་ཀྱང་ལྕི། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། བདེ་འཇགས་ཐོན་སྐྱེད་འགན་ལེན་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གཞི་རྩ་ནས་མེད་པར་བཟོ་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཁག་བཅོ་ལྔ་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མེ་ཟོན་བདེ་འཇགས། བཟའ་བཅའ་དང་སྨན་རྫས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། ལས་གྲྭ་འཛུགས་སྐྲུན། མཐོ་རིམ་བཟོ་སྐྲུན། དེ་བཞིན་མི་འདུ་འཛོམས་མང་བའི་ཁུལ་བཅས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་རེ་རེ་བཞིན་གྲལ་བཤེར་དང་གནད་དོན་རེ་རེ་བཞིན་བཅོས་སྒྲིག་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ལྟ་འདོམས་དང་ཁྲིམས་འཛིན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ཁེ་ལས་དང་། གཙོ་གནད་ཁྱབ་ཁོངས། ཉེན་ཁ་ཆེ་རིགས་བཅས་ཀྱི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ནས། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ཕན་ནུས་དང་ཁྲིམས་འཛིན་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
ཞན་ཆ་སེལ་བར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་དང་། དངོས་པོ། ལག་རྩལ་བཅས་ཀྱི་འགོག་སྲུང་བྱེད་ཐབས་ལ་དམ་འཛིན་ཡག་པོ། དྲ་མིག་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སྐྱོབ། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་སྲུང་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོར་འཛིན། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་སེལ་བ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ལས་ཐོན་བསྐྱར་ཚུགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞན་ཆ་སེལ་བ་དང་ཆད་སྐྱོན་གསབ་པ། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། “ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་བཅས་བྱས་ནས། པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་ཇུས་གཞི་དང་ལེགས་སུ་བཏང་བའི་བྱ་ཐབས་ཉི་ཤུར་གཡོ་འགུལ་མི་གཏོང་བ་དང་། འགྱུར་ལྡོག་མི་གཏོང་བ། ཁྲིམས་ལྟར་དང་། གནད་འཁེལ། ཚན་རིག་དང་མཐུན་པ། ནན་པོ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་རང་འགུལ་ངང་དམ་འཛིན་ཡག་པོ་བྱས་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས་ལས་སླ་པོར་བྱུང་བ་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། དམངས་འཚོ་འགན་ལེན་དང་། ཐ་ཚད་སྐྱོང་བ། མྱུར་སྐྱོབ་དཀའ་སེལ་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ། ཟོག་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། སྨན་བཅོས་བགྲོད་ལམ་ཤར་གཏོང་ཐུབ་པ། མེ་གསོད་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་འགན་ལེན་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་ཐོག་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་དང་ཉེན་ཁ་གྲལ་བཤེར་དང་འདུམ་འགྲིག་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནད་དོན་དང་། ལས་ཀའི་ཁྲོད་ཐེར་འདོན་བྱས་པའི་གནད་དོན། ལས་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་བཅས་ནན་ཏན་གྱིས་གསེད་དཀྲོལ་དང་རེ་རེ་བཞིན་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱས་ནས། ལས་ཀ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ཐུབ་པ་དང་། མང་ཚོགས་ཀྱི་རེ་འདུན་དང་ལེན། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སར་དུས་ཐོག་ཏུ་ཨ་ལན་སློག་པ་བཅས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ང་ཚོས་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་དང་། དེ་བས་རང་འགུལ་གྱི་འགན་འཁྲི་འཁུར་སེམས། དེ་བས་ནུས་ལྡན་གྱི་བྱ་སྤྱོད་བཅས་ལ་བརྟེན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལ་སྤྱི་འདོམས་ནུས་ལྡན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་རགས་ཆེན་བརྟན་པོར་སྲུང་བ། ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་འཁྲི་དང་བྱེད་ཐབས་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣