དབུ་ཤོག>གསར་འགྱུར།
  • མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཁེ་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-27

     ཉེ་ཆར། ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གླེང་མོལ་ཚོགས་འདུ་སྐབས་གསུམ་པ་དྲ་ཐོག་ནས་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་གྱིས“མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཁེ་འཕེལ་རྒྱས་མངོན་འགྱུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་མཉམ་ལས་གོ་སྐབས་གསར་པར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཏུང་གིས། ཀྲུང་གོ་དང་དབྱི་ཐ་ལིའི་དབར་མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་དང་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་ཆ་86བཙུགས་པ་དང་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྤེལ་རེས་དང་མཉམ་ལས་བྱས་ཡོད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་དངོས་སྒྲུབ་མཉམ་ལས་ལ་དམིགས་པ་དང་། དམངས་སེམས་གཅིག་མཐུན་ལ་རམ་འདེགས་བྱེད་པ། གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ནུས་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ས་གནས་སྲིད་གཞུང་གི་སྤེལ་རེས་འབྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོའི་འཐུས་མི་གཞུང་ཚབ་ཁང་གི་ཚན་ཙན་ཧྥེ་ཏེ་ལི་ཁེས། འདི་ལོ་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་དང་ཡུལ་སྐོར་ལོ་དང་སྐབས་འཁེལ་བས་ཕྱོགས་གཉིས་པོས་རིམས་ནད་ཀྱི་འགྲན་སློང་ཁྱད་བསད་བྱས་ཏེ་ཧྥུ་ལུའོ་ལུན་ས་དང་། པེ་ཅིང་། ཤང་ཀང་སོགས་སུ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་དམ་དུ་བཏང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།