དབུ་ཤོག>གསར་འགྱུར།
  • མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བར་དོན་སྙིང་ཟབ་མོ་ལྡན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-11-26

    ཉིན་ཤས་གོང་། དབྱིན་ཇིའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲི་མ་ཏིང·ཨར་པུའུ་ལའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ལྟ་ཞིབ་བྱེད་པའི་འབྲེལ་ཡོད་མཐོང་སྣེ་མཁོ་འདོན་བྱས་ཡོད་པས་དེའི་གཞི་རྩའི་བརྟག་ཐབས་སྨྲ་བ་ད་ཆའང་སྔར་བཞིན་སྤྱོད་ཀྱི་ཡོད་ཅེས་བརྗོད་པ་རེད། ཁོང་གིས་དེང་སྐབས་ཀྲུང་གོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བར་དོན་སྙིང་ཟབ་མོ་ལྡན་པའི་ངོས་འཛིན་བྱས་པ་རེད།

    ཨར་པུའུ་ལའོ་ཡིས་དུས་རབས་19པ་དང་ཡང་ན་ད་ཆ་གང་ཡིན་རུང་མར་ཁེ་སི་རིང་ལུགས་དང་སྤྱི་ཚོགས་དངོས་འབྲེལ་བ་དམ་ཟབ་ཡོད། དེང་གི་འཛམ་གླིང་གི་གནས་ཚུལ་དང་མར་ཁེ་སི་གནས་པའི་དུས་རབས་19པ་གཉིས་གཏན་ནས་མི་འདྲ་བས་མར་ཁེ་སི་རིང་ལུགས་ཀྲུང་གོར་འཕེལ་རྒྱས་གཏོང་བར་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྒྱུར་དགོས་ཞེས་བརྗོད་པ་རེད།

    ཨར་པུའུ་ལའོ་ཡིས་ཟླ་10ཚེས་31ཉིན་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་འཚོགས་པའི“ཀྲུང་གོའི་རྒྱང་ལམ་གསར་པ་དང་འཛམ་གླིང་གི་གོ་སྐབས་གསར་པ”ཞེས་པའི་བཞུགས་མོལ་ཚོགས་འདུའི་ཐོག་དེང་གི་ཀྲུང་གོས་འཛམ་གླིང་ལ་བརྟན་བརླིང་གི་རང་བཞིན་དང་། སྔོན་དཔག་གི་རང་བཞིན། བློས་འཁེལ་གྱི་རང་བཞིན་བཅས་བཏོད་ཡོད་ཅེས་བརྗོད་པ་དང་། ཡང་ཁོང་གིས་མིག་སྔར་འཛམ་གླིང་དུ་ཁ་གྱེས་པའི་རྣམ་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགལ་རྐྱེན་འཕྲད་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོས་ཐོབ་དཀའ་བའི“བརྟན་བརླིང་གི་རང་བཞིན”མཁོ་འདོན་བྱས་ཤིང་། བརྟན་བརླིང་གི་རང་བཞིན་དེ་རིགས་ལས་རྒྱལ་ཁབ་གཞན་དག་གིས་ཀྲུང་གོས་མི་དང་འབྲེལ་བ་བྱེད་ལུགས་ལ་རྒྱུས་མངའ་ལོན་དུ་བཅུག་ནས“སྔོན་དཔག་གི་རང་བཞིན”མཁོ་འདོན་བྱས་ཡོད་པ་དང་། ཀྲུང་གོས་ཁ་བཤད་ལག་ལེན་བསྟར་ནས་ཁས་ལེན་བྱས་པ་མཐའ་དག་ལག་ལེན་དུ་འཁྱོལ་བས་མུ་མཐུད“བློས་འཁེལ་གྱི་རང་བཞིན”གྲུབ་ཡོད་ཅེས་བརྗོད།

    ཨར་པུའུ་ལའོ་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པ་དང་། དུས་རབས་20པའི་ལོ་རབས་80པ་ནས་བཟུང་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་ནས་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཡུན་རིང་དོ་ཁུར་བྱས་ཤིང་། ཀྲུང་གོའི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཟབ་མོ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐོར་གླེང་སྐབས་ཨར་པུའུ་ལའོ་ཡིས་ཀྲུང་གོས་ལག་རྩལ་ཡར་རྒྱས་དོན་གཉེར་བྱེད་པ་དང་དུས་མཚུངས་སྤྱི་ཚོགས་འདྲ་མཉམ་དང་དེ་བཞིན་ཞི་མཐུན་སྤྱི་ཚོགས་སྐྲུན་པར་གཞོལ་བར་དེ་བས་དོ་སྣང་བྱེད་ཀྱི་འདུག་ཅེས་བརྗོད་པ་རེད།

    ཁོང་གིས་གསར་འགོད་པར་འཛམ་གླིང་ཚོགས་སྤྱི་ཞིག་གི་ངོས་ནས་འགག་རྩའི་གནད་དོན་ཁ་ཤས་འཕྲད་བཞིན་ཡོད་པ་དང་གནད་དོན་དེ་དག་རྒྱལ་ཁབ་དབར་མཉམ་ལས་བྱས་ཚེ་གཞི་ནས་ཐག་གཅོད་འོས་འཚམ་བྱེད་ཐུབ་པ་ཀྲུང་གོས་གསལ་པོར་རྟོགས་ཀྱི་ཡོད་པ་དང་། ཀྲུང་གོས་དཀའ་གནད་ཐག་གཅོད་བྱེད་པའི་རྣམ་གྲངས་དང་ཇུས་གཞི་མཁོ་འདོན་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། “འཛམ་གླིང་ལ་མཁོ་བ་ནི་བཅོས་སྐྱོང་གི་གྲུབ་ཆ་ཙམ་མ་ཡིན་པར་རྣམ་གྲངས་དང་ཐག་གཅོད་ཇུས་གཞི་དེ་བས་མཁོ་ཡི་ཡོད། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ནི་དཔེ་མཚོན་ཡག་པོ་ཞིག་རེད”ཅེས་བརྗོད་པ་རེད། ཁོང་གིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོས་མིའི་རིགས་ཀྱི་མདུན་སྐྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་དེ་ཚོ་ལེགས་གྲུབ་ཡོང་བར་རྒྱལ་ཁབ་ཁག་གི་ཤུགས་སྒྲིལ་མཉམ་ལས་ལ་བརྟེན་དགོས་པའི་ནན་བཤད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།