དབུ་ཤོག>གསར་འགྱུར།
  • སུའུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-26

    ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ནས་གློག་འཕྲིན་འབྱོར་གསལ། ཕ་ར་མ་རི་པོ་ནས་གནས་ཚུལ་སྤེལ་བར། ཉེ་ཆར། སུའུ་རི་ནམ་གྱི་ཙུང་ཐུང་ཏན་ཏོའོ་ཅེས། ཀྲུང་གོས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ལ་བརྟེན་ནས་ཐོན་འབོར་མང་བ་དང་སྤུས་ཚད་ལེགས་པའི་ཞིང་ལས་ཐོན་རྫས་སྐྱེད་སྲིང་བྱས་པས། ཞིང་ལས་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱེད་པ་ནི་སུའུ་རི་ནམ་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་པ་རེད།

    ཀྲུང་གོས་སུའུ་རི་ནམ་ལ་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ཀྱི་ལག་རྩལ་རོགས་སྐྱོར་རྣམ་གྲངས(དུས་ཐེངས་དང་པོ)ལས་འགོ་འཛུགས་པའི་མཛད་སྒོའི་ཉིན་དེར་རྒྱལ་ཁབ་དེའི་ས་ལ་མཱ་ཁ་ཆུས་སུ་གཉེར་བ་རེད། ཏན་ཏོའོ་ཅེས་ལས་འགོ་འཛུགས་མཛད་སྒོར་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་གནམ་གཤིས་འགྱུར་ལྡོག་གིས་ཞིང་ལས་ཐོན་སྐྱེད་ལ་ཉེན་ཁ་བཟོ་བའི་རྒྱབ་ལྗོངས་འོག་ཞིང་ལས་ལག་རྩལ་འཕེལ་རྒྱས་ཕྱིན་པ་དེས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་དོན་སྙིང་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རོགས་རམ་འོག་སུའུ་རི་ནམ་གྱི་ས་གནས་དེ་གའི་ཞིང་ལས་འདེབས་འཛུགས་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ། འབྱུང་འགྱུར་ཀྲུང་གོ་ཕྱོགས་དང་ཞིང་ལས་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    རྣམ་གྲངས་དེ་ལག་བསྟར་བྱེད་མཁན་ཧུའུ་ནན་ལིན་ཧྲི་ཞིང་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་རྣམ་གྲངས་ཙུའུ་ཀྲང་ལིའུ་ཏེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་10གཉེར་རྩིས་ཡོད་པ་དང་གསོ་སྦྱོང་གི་སྤྱིའི་མི་གྲངས་300ཡན་ཟིན་གྱི་ཡོད། དེའི་ནང་དུས་ཐེངས་དང་པོར་ཁྱོན་རིགས་གཅིག་མཁས་ཅན་10སུའུ་རི་ནམ་དུ་བཏང་ནས་ལོ་ཏོག་སོན་བཟང་ནང་འདྲེན་དང་། འདམ་སྒྲུག གསོ་སྤེལ། འདེབས་གསོ་སོགས་ཀྱི་ཚོད་ལྟ་དང་དེ་བཞིན་ཞིང་ལས་ལག་རྩལ་གསོ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།