ལོ་82ལ་སླེབས་པའི་ཀེ་རི་སེའི་བགྲེས་སོང་ཧོ་ལི་སི་ཐུའོ་སི·ཝ་ཤིས་ལོ་ཕུའུ་ལོ་སི་ཨ་ཐེན་སིའི་ཀོག་ཧྥེ་ཁང་ཞིག་ཏུ་བསྡད་ཡོད། ཝ་ཤིས་ལོ་ཕུའུ་ལོ་སིས་བཅར་འདྲིར་སླེབས་པའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཟླ་རེའི་འགྲོ་སོང་རྩིས་ཞིབ་ཕྲ་བརྒྱབ་པ་སྟེ། ཡོ་སྒོར་500ཡང་མ་ཟིན་པའི་རྒན་གསོའི་དངུལ་ཟས་རིགས་དང་། ཉེར་མཁོ། སྨན་རྫས། འཕྲིན་གཏོང་། ནུས་རྒྱུ་བཅས་ལ་བཏང་རྗེས་དངུལ་དེ་ཙམ་ལྷག་གི་མི་འདུག་ཅེས་སེམས་ལ་གནོན་ཤུགས་ཀྱིས་ཁེངས་བཞིན་བརྗོད།