ལྷ་ས་གྲོང་ཁྱེར་གྱི“ཁེ་སྐྱོར་དམངས་ཕན·འཛད་སྤྱོད་མཉམ་རོལ”གྱི་རེས་སྐོར་དྲུག་པའི་འཛད་སྤྱོད་འཛིན་ཤོག་2022ལོའི་ཟླ་11ཚེས་24ཉིན་བེད་སྤྱོད་བྱས་ཟིན་པ་དགོས་པ་དང་། རེས་སྐོར་རྗེས་མའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་འབྲེལ་ཡོད་དོན་གནད་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
འཛིན་ཤོག་ལེན་པའི་དུས་ཚོད།
2022ལོའི་ཟླ་11ཚེས་25ཉིན། (གཟའ་པ་སངས) ཆུ་ཚོད་20:00
གོ་ཆོད་དུས་ཡུན། ཟླ་11ཚེས་25ཉིན་གྱི་ཆུ་ཚོད་20:00ནས་ཟླ་12ཚེས་1ཉིན་གྱི་ཆུ་ཚོད་23:59བར།
བེད་སྤྱོད་གཏོང་ཡུན།
གཟའ་འཁོར་རེར་ཐེངས་རེ་སྤྲོད་རྒྱུ་ཡིན་པ། གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཆུ་ཚོད་20:00ལ་འཛད་སྤྱོད་འཛིན་ཤོག་ཐེངས་རེ་སྤྲད་དེ། གཟའ་འཁོར་རྗེས་མའི་གཟའ་ཕུར་བུའི་ཆུ་ཚོད་23:59བར་སྤྱོད་ཆོག་པ་དང་དེ་རྗེས་གོ་ཆོད་མེད་པར་འགྱུར་གྱི་ཡོད། ཁ་གསབ་མ་དངུལ་ཞིབ་བཤེར་རྩིས་སུབ་དང་བརྗེ་སྤྲོད་མ་བྱས་བར་སྤྱོད་ཆོག
འཛིན་ཤོག་གི་སྣ་ཁ།
ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་བཅས་ཀྱི་འཛད་སྤྱོད་འཛིན་ཤོག
དངུལ་སྒོར་200ལོན་ན་འཛད་སྤྱོད་འཛིན་ཤོག་སྒོར་100སྤྱོད་ཆོག
དངུལ་སྒོར་400ལོན་ན་འཛད་སྤྱོད་འཛིན་ཤོག་སྒོར་200སྤྱོད་ཆོག
དོ་སྣང་བྱེད་དགོས་པ། འཛིན་ཤོག་ཚང་མ་རེ་རེ་ལས་ལེན་མི་ཆོག་པ་དང་སྡེབ་གཅིག་ལ་སྤྱོད་མི་ཆོག འཛད་སྤྱོད་འཛིན་ཤོག་རྣམས་བྱེད་སྒོར་ཞུགས་པའི་ཚོང་ཁང་གང་རུང་ལ་སྤྱོད་ཆོག
སྣུམ་སྣོན་འཛིན་ཤོག
དངུལ་སྒོར་200ལོན་ན་འཛད་སྤྱོད་འཛིན་ཤོག་སྒོར་60སྤྱོད་ཆོག
དངུལ་སྒོར་400ལོན་ན་འཛད་སྤྱོད་འཛིན་ཤོག་སྒོར་120སྤྱོད་ཆོག
དོ་སྣང་བྱེད་དགོས་པ། འཛིན་ཤོག་ཚང་མ་རེ་རེ་ལས་ལེན་མི་ཆོག་པ་དང་སྡེབ་གཅིག་ལ་སྤྱོད་མི་ཆོག འཛད་སྤྱོད་འཛིན་ཤོག་རྣམས་བྱེད་སྒོར་ཞུགས་པའི་སྣུམ་སྣོན་ས་ཚིགས་གང་རུང་ལ་སྤྱོད་ཆོག
ཁྱིམ་ཆས་གློག་ཆས་དང་གྲངས་འཛིན་གློག་རྡུལ་གྱི་འཛད་སྤྱོད་འཛིན་ཤོག
དངུལ་སྒོར་1000ལོན་ན་འཛད་སྤྱོད་འཛིན་ཤོག་སྒོར་500སྤྱོད་ཆོག
དོ་སྣང་བྱེད་དགོས་པ། མང་ཤོས་གཉིས་ལས་ལེན་མི་ཆོག་པ་དང་སྡེབ་གཅིག་ལ་སྤྱོད་མི་ཆོག འཛད་སྤྱོད་འཛིན་ཤོག་རྣམས་བྱེད་སྒོར་ཞུགས་པའི་ཚོང་ཁང་གང་རུང་ལ་སྤྱོད་ཆོག
འཛིན་ཤོག་ལེན་ས།
གཅིག སྐད་འཕྲིན་གྱི་APPནས་གཤམ་གྱི་འཛིན་ཤོག་ལེན་པའི་བྱ་རིམ་བཤེར་རྟགས་བཤེར་ཏེ“ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་འཛིན་ཤོག”གི་དྲ་ངོས་སུ་འཛུལ་ནས་འཛིན་ཤོག་ཧབ་ཐོབ་རྒྱག་ཆོག
གཉིས། སྐད་འཕྲིན་ནས“བོད་ལྗོངས་ཉིན་རེའི་ཚགས་པར”དང“ལྷ་སའི་ཚོང་དོན”སྤྱི་རྟགས་བཙལ་ཏེ་དོ་ཁུར་བྱས་རྗེས“འཛད་སྤྱོད་འཛིན་ཤོག”-“ལྷ་སའི་འཛད་སྤྱོད་འཛིན་ཤོག”བྱེད་སྒོའི་དྲ་ངོས་སུ་འཛུལ་ནས་འཛིན་ཤོག་ཧབ་ཐོབ་རྒྱག་ཆོག
(བོད་ལྗོངས་ཉིན་རེའི་ཚགས་པར་སྤྱི་རྟགས་ཀྱི་རྩ་གཉིས་ཨང་རྟགས)
(ལྷ་སའི་ཚོང་དོན་སྤྱི་རྟགས་ཀྱི་རྩ་གཉིས་ཨང་རྟགས)
མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི“ཁེ་སྐྱོར་དམངས་ཕན·འཛད་སྤྱོད་མཉམ་རོལ”ཅེས་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོར་ཞུགས་མཁན་ཚོང་ཁང་ཁྱོན་1366ཡོད་པ་སྟེ།
དེའི་ནང་ཁྲེང་ཀོན་ཆུས་ཀྱི་ཚོང་ཁང་1007དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་ཁང་31 སྣེའུ་ཁུལ་གསར་གྱི་ཚོང་ཁང་157 དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོང་ཁང་17 རིག་གནས་བསམ་བཀོད་གླིང་གི་ཚོང་ཁང་2 ལྷུན་གྲུབ་རྫོང་གི་ཚོང་ཁང་20 མལ་གྲོ་གུང་དཀར་རྫོང་གི་ཚོང་ཁང་15 སྟག་རྩེ་ཆུས་ཀྱི་ཚོང་ཁང་51 སྙེ་མོ་རྫོང་གི་ཚོང་ཁང་18 ཆུ་ཤུར་རྫོང་གི་ཚོང་ཁང་23 འདམ་གཞུང་རྫོང་གི་ཚོང་ཁང་25བཅས་ཡོད་པ་རེད།
ཤ་ཚའི་དྲན་སྐུལ།
རྒྱ་ཆེའི་འཛད་སྤྱོད་པ་དང་བྱེད་སྒོར་ཞུགས་མཁན་ཚོང་ཁང་གིས་གཙོ་གཉེར་ཕྱོགས་དང་མཉམ་ལས་ལས་སྟེགས་ཀྱིས་གཏན་འཁེལ་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད(དཔེར་ན། ཉོ་ཚོང་རྫུན་མ་དང་། རྒྱང་ཁྲིད་གཏོང་སྤྲོད། འཛད་སྤྱོད་འཛིན་ཤོག་དངུལ་སྨར་ལ་བརྗེ་བ་སོགས)ཐོན་ཚེ། གཙོ་གཉེར་ཕྱོགས་ལ་སྒྲིག་ལམ་ལས་འགལ་མཁན་བྱེད་སྒོར་ཞུགས་པའི་ཐོབ་ཐང་མེད་པར་བཟོ་བ་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དབང་ཡོད། དེ་དང་ཆབས་ཅིག རྒྱ་ཆེའི་གྲོང་མི་དང་བྱེད་སྒོར་ཞུགས་མཁན་ཚོང་དུད་ཀྱིས་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་བེད་སྤྱོད་བྱེད་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། དཔེར་ན། འཛད་སྤྱོད་འཛིན་ཤོག་ལོག་ཚོང་རྒྱག་པ་དང་། རྣམ་པ་འགྱུར་བའི་སྒོ་ནས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་མ་དངུལ་གཡོ་ལེན་བྱེད་པ་སོགས་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁུངས་སྣེ་མཁོ་འདོན་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། ཐེར་འདོན་ཁ་པར་བརྒྱབ་ཚེ་བྱ་དགའ་ཡོད། ཨང་གྲངས། 952005དང་0891-6555999