དབུ་ཤོག>གསར་འགྱུར།
  • གསར་གཏོད་ཀྱི་ཚ་རླབས་འཕྱུར། ཐོན་ལས་ཀྱི་དབྱར་མཚོ་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-25

    ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་ངེས་གནས་འཚལ་མཁས་པོ་དང་། སྔོན་ཐོན་བརྩོན་ལེན། ཕན་འབྲས་དངོས་དོན་གཉེར་བཅས་ཀྱི་དམིགས་ཚད་གཞིར་བཟུང་། དུས་བབ་གསར་པ་དང་བླང་བྱ་གསར་པ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱེད་པ་དང་། སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ཐབས་ལམ་ཁ་གསལ་བཟོ་བ་བཅས་བྱས་པས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་ཕྱིན་པ་མ་ཟད། གསར་གཏོད་ཀྱི་གསོན་ཤུགས་མུ་མཐུད་འདོན་སྤེལ་ཡང་ཐུབ་ཡོད་པ་རེད།

    འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག འབྲི་རུ་རྫོང་གིས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་ཞིང་། འདི་ལོ་ནས་ནག་ས་བོན་རྒྱ་མ་10745དང་མལ་གྲོའི་པད་ཁའི་སོན་རྒྱ་མ་2400ཉོས་ནས། ཤང་དང་གྲོང་རྡལ་6ལ་ཚོད་འདེབས་བྱ་རྒྱུར་སྤྲད་དེ། སྤུས་ལེགས་ཀྱི་ས་བོན་འདེབས་ཁྱོན་ཆེ་རུ་བཏང་ཡོད། རྨོ་ཞིང་མང་དུ་གཏོང་བ་ལས་ཉུང་དུ་མི་འགྲོ་བ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་1.9ཡན་ཟིན་པ། ཐོན་ཚད་ཏུན་4600ཡན་རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། འབྲི་རུ་རྫོང་གིས་གྲོང་གསེབ་ཀྱི་ས་རྒོད་གསར་སྦོལ་དེ་ཤང་དང་གྲོང་རྡལ་ཁག་གི་ལོ་ཧྲིལ་པོའི་ཞིང་ལས་དང་གྲོང་གསེབ་ཀྱི་དཔྱད་ཞིབ་དམིགས་ཚད་ནང་བཅུག་ནས་རྨོ་ཞིང་གི་ཐོན་ཁུངས་སྔར་བས་ལེགས་སུ་བཏང་བ་རེད།

    བོད་ལྗོངས་ཁྲང་རུང་ནགས་ཤོད་གྱོན་ཆས་ཚད་ཡོད་ཀུང་སིར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་འཁོར་ཁང་ནང་འཚེམ་འཁོར་བཅུ་གྲངས་གྲལ་སྟར་འགྲིག་པོར་བཞགཡོད་པ་དང་། བཟོ་པ་ཚོས་འཕྲུལ་འཁོར་མདུན་དུ་བསྡད་དེ་སློབ་གོས་ལས་སྣོན་བྱེད་བཞིན་ཡོད་པ་དང་འཚེམ་བུའི་འཁོར་ལོ་ནས“ཏག་ཏག”ཅེས་པའི་སྒྲ་ཡང་ཡང་གྲགས་ཏེ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) 

    ཀུང་སི་དེ་ནི་ཉིང་པོ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པས་ནང་འདྲེན་བྱས་པའི་འབྲི་རུ་རྫོང་གི་དངོས་ཚན་ཐོན་ལས་བཟོ་སྐྲུན་རྣམ་གྲངས་ཐོག་མ་དེ་རེད། འདི་ལོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་ལྗོངས་ཁྲང་རུང་ནགས་ཤོད་གྱོན་ཆས་ཚད་ཡོད་ཀུང་སི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སུ་རིམ་པ་སྤར་ནས། འབྲི་རུ་རྫོང་གི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་དང་པོར་གྱུར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་གིས་འོས་འཚམ་ངང་ཚད་བརྒལ་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས་རྣམ་གྲངས་ལ་དམ་འཛིན་བྱས་ཏེ། ཁག་གཅིག་གསོག་འཇོག་དང་། ཁག་གཅིག་ལས་འགོ་འཛུགས་པ། ཁག་གཅིག་བསྐྲུན་ཟིན་པ། ཁག་གཅིག་ཐོན་སྐྱེད་བྱེད་འགོ་འཛུགས་པ་བཅས་ཀྱི་བསམ་ཕྱོགས་ལྟར། གཙོ་གནད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

    འདི་ལོ་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཐོན་ལས། རིག་གནས་དང་ཡུལ་སྐོར་ལས་རིགས་བཅས་ཀྱི་རྣམ་གྲངས་ལ་དམིགས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་སོགས་ལ་དམིགས་ནས་འབྲི་རུ་རྫོང་གི་འཆར་གཞིའི་འཛུགས་སྐྲུན་རྣམ་གྲངས་134ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས་93དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་2 གྲོང་ཁྱེར་རིམ་པའི་རྣམ་གྲངས་3 རྫོང་རིམ་པའི་རྣམ་གྲངས་15 འཆར་གཞིའི་འཛུགས་སྐྲུན་གྱི་བོད་སྐྱོར་རྣམ་གྲངས་21བཅས་ཡོད་པ་རེད།

    མིག་སྔའི་བར་འབྲི་རུ་རྫོང་གིས་ནང་འདྲེན་བྱས་པའི་ཁྲང་རུང་ནགས་ཤོད་དང་། དེང་རབས་ཤོག་བུའི་ཐོན་རྫས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་སོགས་ཐོན་ལས་རྣམ་གྲངས་ཁག་གཅིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། འདི་ལོ་ཐོན་རྫས་རིན་ཐང་སྒོར་ཁྲི་5000ལྷག་ཙམ་ཟིན་རེ་ཡོད་པ་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་3ཡན་ཟིན་པའི་བརྩོན་ལེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར་2ལེགས་སྒྲུབ་བྱེད་རྒྱུ་རེད།

    གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་ཕྱོགས་གཅིག་གྲོང་ཁྱེར་དང་འབྲེལ་ཡོད་པ་དང་ཕྱོགས་གཅིག་གྲོང་གསེབ་དང་འབྲེལ་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྦྲེལ་མཚམས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་འབྲི་རུ་རྫོང་དུ་འབྲི་རུ་གྲོང་རྡལ་གྱིས་ལྟེ་བར་བྱེད་པ་དང་། གཙོ་གནད་ཤང་དང་གྲོང་རྡལ་ཁག་གིས་རྐང་འཛིན་བྱེད་པ། མི་འབོར་བལྟོས་བཅས་ཀྱིས་གཅིག་སྡུད། འགྲིམ་འགྲུལ་བལྟོས་བཅས་ཀྱིས་སྟབས་བདེ་ཡིན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཅུང་ལེགས་པའི་གྲོང་གསེབ་ཀྱིས་རྨང་གཞིར་བྱེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་འཕེལ་རྒྱས་འཆར་འགོད་བཟོས་པ་བརྒྱུད། འབྲི་རུ་རྫོང་གིས་སྡོད་ཁང་གསར་སྐྲུན་དང་། ཚོང་ཁང་འཆར་འགོད། འཕྲོད་བསྟེན་བཅོས་སྐྱོང་སོགས་ནས་འགོ་བཙུགས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔར་བན་དཀར་ཤང་གི་མི་འཚོ་སྡོད་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ། ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་300ལྷག་ཙམ་དང་། སྒོ་རྩིས་ཚོང་ཁང་30ལྷག་ཙམ། གསོལ་མགྲོན་ཁང་10ཙམ། བཟའ་བཏུང་ཁེར་རྐྱང་དུད་ཚང་50ལྷག་ཙམ་བཅས་ཡོད་པ་རེད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་རིམ་བཞིན་ཤང་གི་གསོལ་མགྲོན་ཁང་དུ་སྡོད་ཚད་100%ཟིན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།