དབུ་ཤོག>གསར་འགྱུར།
  • ངམ་རིང་རྫོང་ཁྲལ་དོན་སྡེ་ཚན་གྱིས་སྒོ་རྩར་ཞབས་འདེགས་ཞུས་ནས་ཁེར་རྐྱང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-25

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཁྲལ་དོན་ཅུས་ཀྱིས“ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཞབས་ཞུའི་ཟླ་བའི”བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ཁེར་རྐྱང་དཔལ་འབྱོར་ལ་ཞབས་ཞུ་བསྒྲུབས་པ་དང་ཁྲལ་བསྡུའི་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། མཉམ་དུ་སྒོ་རྩར་ཞབས་ཞུ་སྒྲུབ་པའི་བྱ་སྤྱོད་སྤེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཞབས་ཞུ་ཡག་པོ་ཡོང་བ་བྱས་ཏེ་ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྫོང་ཁོངས་ཀྱི་ཁེར་རྐྱང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ངམ་རིང་རྫོང་ཁྲལ་དོན་ཅུས་ཀྱིས“ཁྲལ་བསྡུ་དང་ཁེ་ལས་ཀྱི་གྲལ་སྒོར་བཞུགས་མོལ་ཚོགས་འདུ”འཚོགས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཐད་བཏོན་པའི་རེ་ཞུ་ཤེས་རྟོགས་གང་ལེགས་བྱས་པ་རེད། ངམ་རིང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་སྒོ་རྩར་ཞབས་ཞུ་སྒྲུབ་པར་བསྐྱོད་དེ་རང་འགུལ་ངང་ཞབས་ཞུའི་སྐར་ཁུང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྒོ་རྩར་སྤོས་ནས་དེ་སྔའི“སྒུག་སྡོད་ཞབས་ཞུ”དེ“རང་འགུལ་ངང་སྒོ་རྩར་ཞབས་ཞུ་སྒྲུབ་པར”བསྒྱུར་ཏེ། རོགས་རམ་བྱེད་དགོས་རིགས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་སྲིད་ཇུས་བློ་འདྲིའི་ཐད་ས་གནས་ས་ཐོག་ཏུ་ལན་བརྒྱབ་པས་ཞབས་ཞུའི་དཀའ་གནད་དངོས་འབྲེལ་སེལ་ཐུབ་སྟེ་ཁྲལ་འཇལ་ཞབས་ཞུ་དང་ཚོང་དུད་ཀྱི་དགོས་མཁོ་འབྲེལ་མཐུད་གང་ལེགས་བྱས་ཡོད།

    གཞན་ཡང་། ངམ་རིང་རྫོང་ཁྲལ་དོན་ཅུས་ཀྱིས་ད་དུང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲལ་དོན་གྱི“ཇུས་འདོན་པ”དང“ཉམས་ལེན་པའི”འགན་འཁུར་བར་གདན་དྲངས་ནས་ཁེར་རྐྱང་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་སྤེལ་རྒྱུར་གཞི་འཛིན་ས་ཡོད་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།