དབུ་ཤོག>གསར་འགྱུར།
  • དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-24

    རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འགོ་ནས་མཇུག་བར་ཁྱབ་པའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་ཁྱབ་པའི་གཙོ་རྐང་གསལ་པོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པས“མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ”དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་གྲས་སུ་སྙིང་བསྡུས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་ལམ་བུར་ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་པའི་རྩ་དོན་གལ་ཆེན་ལྔའི་གྲས་ཤིག་ཏུ་བརྩིས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་སྲིད་སྐྱོང་འདུ་ཤེས་དང་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་དགོངས་པ་འདིའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རིན་ཐང་གི་གཞི་འཛིན་སར་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་བྱ་རྒྱུ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་རྒྱ་ཆེར་དང་སྲ་བརྟན་དུ་གཏོང་དགོས།

    རྒྱལ་ཁབ་སྐྱོང་བར་དམངས་ཕན་རྩ་བ་ཡིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་གཏུགས་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ། བྱ་བ་གཅིག་མཇུག་གཉིས་མཐུད་ངང་སྒྲུབ་པ། བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཚོགས་ཀྱི་བློ་ལ་འབབ་པར་བྱེད་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཙམ་རྒྱུན་འཁྱོངས་ཐུབ་པ། སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ། སྤྱི་ཚོགས་འགན་བཅོལ་སྣ་ཚོགས་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་པ། རིམས་ནད་ཀྱི་རྡབ་རྡེག་ལ་བབ་བརླིང་ངང་ཁ་གཏད་བཅག་པ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། འགན་ལེན་སྔར་བས་ལྡན་པ། རྒྱུན་མཐུད་སྔར་བས་ཐུབ་པ་བཅས་བྱུང་ཡོད།

    མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཡུན་རིང་གི་ལས་ཀ་ཞིག་ཡིན་པས། མཇུག་མཐའི་ས་ཚིགས་མེད་པར་ཟམ་མི་ཆད་པའི་འགོ་འཛུགས་ས་གསར་པ་ལས་མེད། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་དང་། དོན་དག་རེ་རེ་བཞིན་བསྒྲུབས་པ་དང་ལོ་རེ་བཞིན་བསྒྲུབས་ཚེ་གཞི་ནས་དམངས་འཚོ་འགན་སྲུང་དང་ལེགས་གཏོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ།

    ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་མང་དུ་གཏོང་བ། ཡོང་འབབ་འབྲིང་གྲས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ། ལས་བཟོའི་ཡོང་འབབ་རྒྱུན་གཏན་འཕར་བའི་ལམ་སྲོལ་ཧུར་ཐག་འཛུགས་པ་བཅས་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས་པ། མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་རིག་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གཏིང་ཟབ་ཏུ་གཏོང་དགོས་པ། བདེ་ཐང་འགན་ལེན་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་གང་ལེགས་སྤྱད་དེ་རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་བྱེད་པ། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་འཕེལ་རྒྱས་དེ་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་དེ་ཡིན་ཞིང་། མི་དམངས་ལ་རེ་འབོད་ཡོད་ན་ང་ཚོས་ཨ་ལན་སྤྲོད་དགོས། རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་ཐག་གཅོད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། དམངས་འཚོའི་ཐབས་ཇུས་མང་ཙམ་དོན་གཉེར་དང་དམངས་ཕན་བྱ་བ་མང་ཙམ་སྒྲུབ་པ། དམངས་འཚོའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཡོང་བར་བྱེད་དགོས། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གང་ལེགས་བྱེད་པ། མི་དམངས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་དང་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱེད་པ། མང་ཚོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།

    དམངས་ཀྱི་རེ་ལྟོས་ནི་སྲིད་ཀྱི་སྐྱོང་ཕྱོགས་ཡིན། ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ལ་ཐུག་ཡོད། མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འབད་འཐབ་ལྷོད་མེད་བྱེད་པའི་དམིགས་ཚད་ཡིན། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་དང་། མི་དམངས་ཀྱི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ཚེ“འཛུགས་གཏོད་བཞིར”སྐུལ་འདེད་དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཐུབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་སྟོབས་ཤུགས་ཧ་ཅང་ཆེན་པོ་མཁོ་འདོན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།