དབུ་ཤོག>གསར་འགྱུར།
  • འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དམངས་ལ་སྟབས་བདེ་འདི་དག་བསྐྲུན་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-11-23

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་སྒོའི་ཐད་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་བྱེད་ཐབས་ལེགས་སྒྲིག་བྱས་ནས་བཏོན་པ་དང་། རྒྱ་ཆེའི་གྲོང་མིའི་ཁ་ལོ་བའི་ལག་ཁྱེར་གྱི་ལས་སྒོ་སྒྲུབ་གཉེར་གྱི་དགོས་མཁོ་སྔར་བས་བསྐངས་ཏེ་གྲོང་མི་ཕྱིར་སྐྱོད་མི་དགོས་པར་ཚང་མ་དྲ་ཐོག་ནས་གཉེར་ཐུབ་པ་བྱས་པ་མ་ཟད། ལས་སྒོ་ནར་འགྱངས་དང་ཡིག་ཆ་ཆད་རུང་སྒྲུབ་གཉེར་ཆོག་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་དེ་བས་སྟབས་བདེ་ལ་མགྱོགས་པའི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱས་པ་རེད། 

    འཕྲུལ་སྒུལ་འཁོར་རིགས་བེད་མེད་ཟོག་རོར་གཏོང་བའི་ཐད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། འཕྲུལ་སྒུལ་འཁོར་རིགས་དུས་བཀག་ལས་ཡོལ་ཡང་ཞིབ་བཤེར་མ་བྱས་པར་བཙན་ཤེད་ངང་བེད་མེད་ཟོག་རོར་གཏོང་བའི་ཚད་གཞིར་སླེབས་རིགས་2022ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པ་རེད།

    འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བྱང་རང་སོར་ཉར་བའི་ཐད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། གཞན་སྒྱུར་དང་། ཐོ་སུབ། ས་གནས་གཞན་དུ་བརྗེ་སྤོ། ནུས་རྒྱུ་གསར་པའི་མོ་ཊའི་ཨང་གྲངས་བརྗེ་སྒྱུར་ལེན་གསུམ་བཅས་ཀྱི་ལས་སྒོ་གཉེར་རྗེས་དང་ཐོག་མའི་འཁོར་བྱང་རང་སོར་ཉར་བའི་དུས་ཚད་ལོ་གཉིས་ཐིམ་རིགས་དེ་སྔའི་འཁོར་བྱང་རང་སོར་ཉར་བའི་དུས་ཡུན་2022ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པ་རེད། 

    དྲ་ཐོག་ནས་འཁོར་བྱང་སྔོན་ལ་འདེམས་པའི་ཐད། 

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྔོན་ལ་བདམས་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བྱང་དུས་ཐོག་ཏུ་གཏན་འཁེལ་མ་བྱུང་ཚེ། དྲ་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་ནས་འཁོར་བྱང་བདམས་རྗེས་2022ལོའི་ཟླ་12ཚེས་31ཉིན་བར་དོ་བདག་གིས་དོ་དམ་སུའོ་རུ་ཐོ་འགོད་ལས་སྒོ་གཉེར་སྐབས་འཁོར་བྱང་འདི་སྤྱོད་ཆོག་པའི་རེ་འདུན་ཞུ་ཆོག 

    ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་ཐད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཁ་ལོ་བའི་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ལོ་གསུམ་ཡོལ་ནས་ལག་ཁྱེར་བརྗེ་ལེན་མ་བྱས་པའི་རྐྱེན་གྱིས་ཐོ་ཁོངས་ནས་སུབ་རིགས། 2022ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པ་རེད། 

    མོ་ཊ་སྦྱོང་བའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ཐད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་མོ་ཊ་སྦྱོང་བའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ཡོལ་རིགས། མོ་ཊ་སྦྱོང་བའི་དཔང་ཡིག་གི་གོ་ཆོད་དུས་ཡུན་2022ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པ་རེད། 

    ཁ་ལོ་བའི་སྐར་མ་ཆ་ཚང་ལོན་པའི་སློབ་གསོའི་ཐད། 

    2022ལོའི་ཟླ་8ཚེས་5ཉིན(ཚེས་5ཚུད་པ)གོང་སྐར་མ་ཆ་ཚང་ལོན་པའི་སློབ་གསོ་རེ་འདུན་ཞུས་ཀྱང་ལེགས་གྲུབ་མ་བྱུང་བའི་རིགས་ལ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་སྐར་མ་ཆ་ཚང་ལོན་པའི་སློབ་གསོའི་ཐོ་འགོད་དུས་ཚོད་2022ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པ་རེད། 

    ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་གྱི“ཆད་རུང་གཉེར་འཐུས”ཐད།

    ཁ་ལོ་བའི་ལག་ཁྱེར་གྱི་དུས་ཡུན་ཐིམ་ནས་ལག་ཁྱེར་བརྗེ་ལེན་གྱི“ཆད་རུང་གཉེར་འཐུས”བྱེད་སྐབས། གལ་སྲིད་རེ་འདུན་ཞུ་མཁན་གྱིས་གནས་སྐབས་གཟུགས་པོའི་ཆ་རྐྱེན་གྱི་དཔང་ཡིག་མཁོ་འདོན་བྱེད་ཐབས་བྲལ་ན། སྔོན་ལ་དྲ་སྦྲེལ་ཞབས་ཞུའི་ལས་སྟེགས་སམ་ཡང་ན“འགྲིམ་འགྲུལ་དོ་དམ་12123”གྱི་ཆད་རུང་གཉེར་འཐུས་ཀྱི་དྲ་ངོས་ནས་ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་བྱེད་ཆོག་པ་དང་། ཁ་ལོ་བའི་ལག་ཁྱེར་དོ་དམ་སུའོ་ཡིས་ཁྱིམ་ལ་སྦྲག་ཐོག་ནས་བསྐུར་གྱི་ཡོད། རིམས་ནད་ཡང་དུ་སོང་རྗེས། རེ་འདུན་ཞུ་མཁན་གྱིས་དུས་ཐོག་ཏུ་སྨན་ཁང་དུ་གཟུགས་པོ་བརྟག་དཔྱད་བྱས་ཏེ་འཁོར་རིགས་དོ་དམ་སུའོ་ལ་གཟུགས་པོའི་ཆ་རྐྱེན་གྱི་དཔང་ཡིག་གསབ་སྤྲོད་བྱེད་དགོས་པ་ལས། མང་ཚོགས་རང་ཉིད་འཁོར་རིགས་དོ་དམ་སུའོ་རུ་ཡང་བསྐྱར་ཡོང་དགོས་མེད། གཟུགས་པོའི་ཆ་རྐྱེན་གྱི་དཔང་ཡིག་དུས་ཐོག་ཏུ་གསབ་སྤྲོད་མ་བྱས་ཚེ་ཁ་ལོ་བའི་ལག་ཁྱེར་གྱི་ལས་སྒོ་གཞན་དག་གཉེར་ཐུབ་ཀྱི་མེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།