དབུ་ཤོག>གསར་འགྱུར།
  • འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-07

    “ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་བཏོད་ཡོད་ལ། འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་ཀྱང་རེད” ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། ཚོགས་ཆེན་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྟོང་གཏམ་གྱིས་རྒྱལ་དོན་འཕྱུག་པ་དང་དོན་དམ་གྱིས་རྒྱལ་ཁབ་དར་བ་བློ་ལ་བརྟན་པོར་ངེས་ནས། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་སྙིང་རུས་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་གྱིས་བརྗིད་ཆགས་ཡིད་འོང་གི་མཛེས་རིས་བཀོད་ཡོད། ལོ་བཅུའི་རིང་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་། དྲག་ཆར་རླུང་འཚུབ་ལ་མི་འཛེམས་པར་མདུན་སྐྱོད་ཀྱིས་ཕྱིར་བཤོལ་གཏན་ནས་མི་རྒྱག་པར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ཏེ་དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ལོ་བཅུ་འདིའི་ནང་། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་54ནས་སྒོར་དུང་ཕྱུར་ཁྲི་114བར་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་གྱི་བསྡུར་ཚད་བཟུང་ཚད་18.5%ཟིན་ཏེ་བརྒྱ་ཆའི་གྲངས་7.2མཐོ་རུ་ཕྱིན་པ། དཔལ་འབྱོར་གྱི་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

    ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་རྒྱལ་ཁ་རླབས་པོ་ཆེ་བླངས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་ཡོད། ད་ཆ་ཀྲུང་གོ་མི་དམངས་ལ་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་དེ་བས་ཆེ་བ་འཕེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེར་གདེང་ཚོད་ཆེན་པོས་སྐུལ་འདེད་གཏོང་བཞིན་ཡོད། ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་གུས་བཀུར་ཡག་ཤོས་ཞུ་བ་ནི་འབད་འཐབ་ཀྱི་ལོ་རྒྱུས་གསར་པ་རྩོམ་རྒྱུ་དེ་རེད།

    འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་བཏོད་དེ་ང་ཚོས་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ལྡན་པ་བྱ་རྒྱུ་ནི་རང་རེའི་ཏང་གི་དད་པ་དང་དད་སེམས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བ་གནས་ས་དེ་རེད། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེ་ལས་ཧ་ཅང་གསལ་པོར་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པས་གཞི་ནས་ཏང་གིས་ཡུན་རིང་སྲིད་འཛིན་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བར་ཤུགས་རྐྱེན་ངན་པ་བཟོ་བའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། རྩ་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་རྒྱུ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་རྒྱུ་འགན་ལེན་ཐུབ་ཡོད། “གཏན་འཁེལ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པ་དང་། དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱང་ལམ་གསར་པའི་ཐོག་ངེས་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། འཐབ་ཇུས་བཀོད་ཇུས། འཐབ་ཇུས་བྱེད་ཐབས་བཅས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་གོ་བ་གཏིང་ཟབ་བླངས་ནས། འཐབ་ཇུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་དང་འཐབ་སེམས་ཆེ་རུ་གཏོང་བ། བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བར་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་རང་འགུལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་བཏོད་དེ་ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། འཐབ་རྩོད་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་ཅིག་རེད། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གཏོད་དགོས་པ་མ་ཟད། འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་དེ་བས་བྱེད་དགོས། རྒྱང་ལམ་གསར་པའི་ཐོག་ང་ཚོར་འཕྲད་པའི་ཉེན་ཁ་དང་ཚོད་བགམ་སྔར་བས་རྙོག་འཛིང་ཇེ་ཆེར་འགྲོ་བ་མ་ཟད། ཐ་ན་བསམ་ཡུལ་ལས་འདས་པའི་འཇིགས་རུང་དྲག་རླབས་ཀྱང་འཕྲད་སྲིད། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་ཞིག་མིན་པར་དུས་ཡུན་རིང་པོར་གནས་སྲིད་པས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འགྲོགས་རྒྱུ་རེད། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིགས་ཤུགས་ཆེར་གཏོང་བ་བཅས་བྱས་ནས་རྙོག་འཛིང་ཆེ་བའི་རྣམ་པ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་བསམ་བློ་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས།

    འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་བཏོད་དེ་ང་ཚོས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ནི་དོན་གཉེར་བྱས་ནས་བྱུང་བ་ཞིག་དང་དུས་རབས་གསར་པ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་དངོས་སྒྲུབ་ལ་བརྟེན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དངོས་སྒྲུབ་ལ་བརྟེན་དགོས་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་དངོས་སྒྲུབ་ལ་བརྟེན་དགོས། དངོས་སུ་དམ་འཛིན་བྱས་ཚེ་གཞི་ནས་འགག་སྒྲོལ་དཀའ་སེལ་ཐུབ་པ་དང་བྱ་བ་དངོས་བསྒྲུབས་ཚེ་གཞི་ནས་ཕུགས་འདུན་མངོན་འགྱུར་ཡོང་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་རེད། དེ་དཀའ་ཚེགས་ཆེ་བས་ན་རླབས་ཆེ་བ་དང་། དཀའ་ཚེགས་ཆེ་བས་ན་དེ་བས་གཟི་བརྗིད་ཆེ་བ་ཡོད།

    ད་ཆ་ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཟིན་ནས་བློ་སྟོབས་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱང་ལམ་རིང་བས་འབད་འཐབ་ཁོ་ན་བྱ་རྒྱུ་ལས་མ་འདས། ང་ཚོས་འབད་འཐབ་ལ་བརྟེན་ནས་དཀའ་བ་དུ་མ་ཁྱད་བསད་ཀྱིས་རི་ཀླུང་མང་པོ་བརྒལ་ཡོད། ང་ཚོས་མུ་མཐུད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་དེ་བས་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་དགོས། རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ངར་སེམས་ཆེར་སྐྱེད་དང་། དཔའ་སྐྱེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ་ང་ཚོས་དུས་རབས་ཀྱི་བརྗིད་ཆེའི་ལེའུ་གསར་པ་རྩོམ་ཐུབ་ངེས་དང་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།