དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་སྟོན་རྨོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-25

    c0408d98-a342-49f2-98b5-c730e9e83c35.jpg.jpg

    འདི་ནི་འཕྱོངས་རྒྱས་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་མི་སྣས་སྟོན་རྨོད་ལ་མཛུབ་ཁྲིད་བྱེད་བཞིན་པ།

    96a0081b-fb04-4427-94db-403a9fb2dd35.jpg.jpg

    འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་གྲོང་མིས་སྟོན་སློག་རྒྱག་བཞིན་པ།

    སྟོན་མཇུག་གི་དུས་སུ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་འདེབས་འཛུགས་ལས་དོན་ཡག་པོ་སྤེལ་ནས་ཞིང་དུད་ལ་ཐོན་འཕར་དང་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་སྐྱོད་སྐབས་སྟོན་རྨོད་སྟོན་འདེབས་ཀྱི་རྣམ་པ་གང་ས་ནས་མཐོང་རྒྱུ་ཡོད་པ་དང་། རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་དང་སོན་འདེབས་འཕྲུལ་འཁོར་གྱི་སྒྲས་ཁེངས་ཤིང་། གྲོང་མི་ཚོས་ལོ་རྗེས་མར་ཐོན་འབབ་ཡག་པོ་ཡོང་ཆེད་ཧུར་བརྩོན་ཆེན་པོས་དགུན་གྲོ་འདེབས་བཞིན་ཡོད་པ་རེད།

    “ང་ཚོའི་གྲོང་ཚོའི་ས་བབ་འཚམ་པ་དང་ས་རྒྱུ་གཤིན་པས་དགུན་གྲོ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། མིག་སྔར་ང་ཚོས་རྫོང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། ཞིང་དུས་ལ་དམ་འཛིན་བྱས་ནས་འདེབས་འཛུགས་ཧུར་ཐག་བྱེད་བཞིན་ཡོད”ཅེས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་ཚེ་རིང་གིས་བཤད།

    སྟོན་རྨོད་འགོ་ཚུགས་ཚུན། འཕྱོངས་རྒྱས་རྫོང་གིས་སྔོན་ཚུད་ནས་ཇུས་འགོད་དང་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་སྟོན་རྨོད་དང་དེ་འབྲེལ་གྱི་ལས་དོན་ལ་དོ་དམ་བྱེད་པར་མཛུབ་ཁྲིད་སོགས་བྱས་པ་བརྒྱུད་མང་ཚོགས་ལ་སྟོན་རྨོད་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་འཕྱོངས་རྒྱས་རྫོང་གིས་སྟོན་རྨོད་མུའུ་ཁྲི་1.8ལེགས་གྲུབ་བྱེད་རྩིས་ཡོད་པ་དང་དེའི་ནང་ས་ཁོད་མུའུ་ཁྲི་0.6སྙོམས་དགོས་པ། སྟོན་རྨོད་ལས་འགན་མུའུ་5510ལེགས་གྲུབ་བྱེད་པའི་སོན་བཟང་མུའུ་510འདེབས་དགོས་ཀྱི་ཡོད་པ་རེད། མིག་སྔའི་བར། འཕྱོངས་རྒྱས་རྫོང་གིས་སྟོན་སློག་མུའུ་6763ལེགས་སྒྲུབ་བྱས་ནས་སྟོན་རྨོད་མུའུ་859ལེགས་འགྲུབ་ཟིན་པ་དང་། སྟོན་རྨོད་སྟོན་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།