དབུ་ཤོག>གསར་འགྱུར།
  • མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-25

    གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་ནི་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཡག་ཤོས་དང་། ཡར་རྒྱས་མགྱོགས་ཤོས། གྲུབ་འབྲས་མང་ཤོས་བཅས་ཀྱི་ལོ་བཅུ་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི་ལོ་བཅུ་ཡང་རེད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་2012ལོའི་ལོ་68.17ནས་ད་ལྟའི་ལོ་72.19བར་རིང་དུ་ཕྱིན་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་165.38/ཁྲི་10དང་24.45‰ནས་45.50/ཁྲི་10དང་7.5‰བར་ཆག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་རྨང་རྩ་གཉིས་བརྟན་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། རང་སྐྱོང་ལྗོངས་སྨན་ཁང་དང་རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང་སོགས་གཙོ་གནད་ལས་གྲྭ་རབ་དང་རིམ་པ་དོན་འཁྱོལ་བྱས་པ། གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1650དང་། ཉལ་ཁྲི་19650 འཕྲོད་བསྟེན་ལག་རྩལ་མི་སྣ་25392བཅས་ཡོད་པ་དེ་2012ལོ་ལས་17.16%དང་། 94% 124.45%བཅས་སོ་སོར་འཕར་ཡོད།

    ལོ་བཅུའི་རིང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པའི་ཁར། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སྨན་བཅོས་ཞབས་ཞུའི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཞིང་། ལྗོངས་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ལོ་རེའི་ནད་བརྟག་སྨན་བཅོས་མི་ཐེངས་བསྡོམས་གྲངས་དེ་2012ལོའི་ཁྲི་1167ནས་ད་ལྟའི་ཁྲི་1621བར་འཕར་བ་དང་། རིམ་གསུམ་ཡན་གྱི་སྨན་ཁང་3ནས་14བར་མང་དུ་ཕྱིན་པ། ཁྲག་འཐེན་སྤྲོད་སྒྲིག་གཞི་གྲོང་ཁྱེར་དང་ས་ཁུལ་7ལ་ཁྱབ་པ། རིན་མེད་ཁྲག་འབུལ་བྱ་སྤྱོད་དར་སྤེལ་ཤུགས་ཆེན་བཏང་བ་བཅས་ལས་ཁྲག་རྒྱུན་བདེ་འཇགས་འགན་ལེན་ནུས་ལྡན་བྱུང་བ། བྲང་ཟུག་ལྟེ་གནས་དང་། རྨས་སྐྱོན་ལྟེ་གནས། གྲིབ་བཅོས་ལྟེ་གནས། ཉེན་ཚབས་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་བཅས“ལྟེ་གནས་ཆེན་པོ་ལྔ”འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་བཏང་བ། “དྲ་སྦྲེལ+བློ་རིག་སྨན་བཅོས”རྫོང་རིམ་པ་ཡན་གྱི་སྨན་ཁང་127དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་686ཏུ་ཁྱབ་པ། རྒྱལ་ཁབ་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་དང་། རྒྱལ་ཁབ་བོད་ལུགས་གསོ་རིག་དང་གསོ་རིག་ལྟེ་གནས། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་བཅས་འཛུགས་གཏོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་གཤམ་སྒྱུར་བྱ་རྒྱུར་སྐུལ་འདེད་བྱས་ཡོད།

    གཞན་ཡང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྒྱུར་བཅོས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་པས། བོད་ཀྱི་དོན་དངོས་དང་མཐུན་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་སྨན་བཅོས་གཅིག་མཐུན་སྒྲིག་གཞིར་སྒྱུར་བཅོས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་220ལྷག་ཙམ་བཙུགས་པ་ལས། རྫོང(ཆུས)དུ་ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་སྒྲིག་གཞི་ཡོངས་སུ་ཁྱབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།