དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱ་ཐབས་ཁག་18བཏོན་ནས་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-25

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིགས་3གྱི་བྱ་ཐབས་ཁག་18བཏོན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《དཔལ་འབྱོར་བརྟན་པོ་ཡོང་བའི་གནས་སྐབས་རང་བཞིན་གྱི་བྱ་ཐབས་འགའ་ཞིག》ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཁྲོམ་རའི་བྱེད་པོ་འགན་ལེན་དང་། མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ། ཁྲོམ་རའི་སྒྲིག་ལམ་འགན་ལེན་སོགས་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད་པ་རེད།

    ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་ཁེ་ལས་ཀྱི་རེ་ཞུ་མགྱོགས་མྱུར་དང་ལེན་དང་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་ཉན་པ་དང་མཛུབ་ཁྲིད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བཏང་སྟེ“ཐག་ཉེ་སར་སྒྲུབ་པ་དང་། སྦར་མཐིལ་ནང་སྒྲུབ་པ། རིན་མེད་ངང་སྒྲུབ་པ། སྟབས་བདེའི་ངང་སྒྲུབ་པ”བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྲིད་དོན་ཞབས་ཞུ་ཀུན་བསྒྲུབས་ཁས་ལེན་ལམ་ལུགས་དང་ཐོག་མར་གཉེར་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ། གསུམ་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རིག་ནུས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུར་སྐུལ་འདེད། “སྲིད་དངུལ་མཉམ་ལས”བྱེད་སྟངས་གསར་པ་ཁྱབ་གདལ་བཅས་བཏང་སྟེ་ཐོ་འགོད་སྐར་ཁུང་དེ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནས་དངུལ་རྩའི་དྲ་ཚིགས་བར་སྣུར་བསྲིང་བྱ་རྒྱུ། བཞི་ནས“ཆེད་ལས་ཆུང་གྲས”ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང“ཆེད་ལས་ཆུང་གྲས”ཀྱི་ཁྲོམ་རའི་བྱེད་པོར་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྔ་ནས་སྤུས་ཚད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ཁེ་ལས་ལ་ལག་རྩལ་སློབ་པ་དང་ཞིབ་དཔྱད་ཚད་ལེན་བྱེད་སྟངས་སློབ་པ་སོགས་ཀྱི་ཞབས་འདེགས་ཞུས་ནས་སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དྲུག་ནས་ཤེས་བྱའི་བདག་དབང་གི་ཞབས་ཞུ་ལེགས་སུ་བཏང་སྟེ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བོད་ལྗོངས་ཕྱོགས་བསྡུས་ལས་སྒོའི་བདག་སྤྲོད་སྐར་ཁུང་གི་ཞབས་ཞུའི་ཆུ་ཚད་དང་། ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ཞབས་ཞུའི་ཆུ་ཚད། ཤེས་བྱའི་བདག་དབང་གི་སྲུང་སྐྱོང་ནུས་པ་བཅས་མཐོ་རུ་གཏོང་རྒྱུ། བདུན་ནས་གྲོན་དངུལ་ཉུང་གཏོང་དང་ཁེ་ཕན་སྤྲོད་པའི་སྲིད་ཇུས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། “2022ལོའི་ཟླ་8པ་ནས་ཟླ་12པའི་བར་རང་སྐྱོང་ལྗོངས་དམིགས་བསལ་སྒྲིག་ཆས་ཞིབ་དཔྱད་ཁང་གི་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་50%བར་དམའ་རུ་གཏོང་དགོས”པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་ཁག་ཐེག་དངུལ་གྱི་རྩིས་ཐོ་ནར་འགྱངས་བྱས་པའི་དམིགས་བསལ་སྒྲིག་ཆས་ཀྱི་ཞིབ་དཔྱད་གྲོན་དངུལ་དེ་2022ལོའི་ཟླ་3པ་བར་ནར་འགྱངས་བྱ་རྒྱུ་བཅས་རེད།

    ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་མཁོ་འདོན་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ལ་དམ་འཛིན་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་ཁེ་ལས་བརྟན་གཏོང་དང་གྲོན་དངུལ་གཅོག་པར་ཆེད་དོན་ཞིབ་བཤེར་བྱས་ནས་སྲིད་འཛིན་བྱ་གཞག་གི་གྲོན་དངུལ་བསྡུ་བ་དང་། ཆུ་དང་། གློག དྲོད་རླངས་སོགས་སྤྱི་པའི་བྱ་གཞག་དང་། དངུལ་རྩའི་ཁྱབ་ཁོངས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་ཀྱི་གྲོན་དངུལ་བསྡུ་ཚུལ་ལ་གཙོ་གནད་ཐོག་ཆེད་དོན་ཞིབ་བཤེར་བྱས་ནས། ཁེ་ལས་བརྟན་གཏོང་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་ཁག་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གཉིས་ནས་ཟོག་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཟོག་གོང་ཐད་ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་ཟོག་གོང་ཧམ་སྤོར་དང་ཕུང་གསོག་རྒྱག་པ་སོགས་ཁྲོམ་རའི་སྒྲིག་ལམ་དཀྲུག་པའི“མ་རུང་ཁོག་བཅངས་ཀྱི་ཚོང་དུད”ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། དམངས་འཚོའི་དངོས་ཟོག་གལ་ཆེན་མཁོ་སྤྲོད་རྒྱུན་གཏན་དང་ཟོག་གོང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ། གསུམ་ནས་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་འདེབས་འཛུགས་ཆུང་གྲས་དང་། གསོ་སྤེལ་ཆུང་གྲས། བཟོ་ཁང་ཆུང་གྲས་བཅས་ཀྱི་ཐོན་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱིས་དྲ་ཐོག་གཉེར་སྐྱོང་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་རྒྱུ། བཞི་ནས་འཛད་སྤྱོད་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བློ་བདེའི་འཛད་སྤྱོད་གསར་གཏོད་དང་དྲ་ཕྱིར་ཉིན་བདུན་རིང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་གི་ཁས་ལེན་བྱེད་སྒོ་སྤེལ་ནས“121215”འཛད་སྤྱོད་ཀྱི་ཞུ་གཏུག་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ཐོག་ཞུ་གཏུག་དང་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། ལྔ་ནས་ཁེ་ལས་ཀྱི་ལག་ཁྱེར་བརྗེ་བའི་ཞིབ་མཆན་བརྒྱུད་རིམ་ལེགས་སྒྲིག་བྱས་ནས་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་རེད།

    ལྟ་འདོམས་ཁྲིམས་བསྟར་ནན་པོ་བྱས་ནས་རང་འགན་གཙང་སྒྲུབ་ཀྱིས་ཁྲོམ་རའི་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱེད་ཅིང་། གཅིག་ནས་ཡིད་རྟོན་ལྟ་འདོམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། “ཐེངས་གཅིག་ལ་དོན་དག་མང་པོ་ཞིབ་བཤེར”བྱེད་ཐུབ་པ། “ཡིད་རྟོན་ལྟ་འདོམས་ལས་སྒོ་དྲ་ཐོག་ནས་སྒྲུབ”པའི་ཞབས་ཞུ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོའི་ཡིད་རྟོན“དྲ་ཐོག་ནས་སླར་གསོ”དང“མཐེབ་སྣོན་གཅིག་ལ་སླར་གསོ་”ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཏེ་བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས། བཟོ་ལས་ཐོན་རྫས་བཅས་ཀྱི་གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་ནས་ཁྲོམ་རའི་ལྟ་འདོམས་ཀྱི“བདེ་འཇགས་ཆེན་པོ་བཞིས”སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ། གསུམ་ནས་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས། རང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྒེར་སྡེམ་ལ་ངོ་རྒོལ་དང་ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་བཙན་ཞིང་ནན་པའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བཟའ་སྣུམ་ལྷད་གཏོང་དང་ཟས་རིགས་ཁྲིམས་འགལ་ངང་སྦྱོར་རྟ་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ། དཔེ་མཚོན་གྱི་གྱོད་དཔེ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་ཟིལ་གནོན་ཐུབ་པར་བྱ་རྒྱུ། ལྔ་ནས《རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཆུང་གྲས་ལ་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་མི་བྱེད་པའི་གསལ་ཐོ》ལག་བསྟར་གཏིང་ཟབ་བྱས་ནས། ཁེ་ལས་ཀྱི་ཡིད་རྟོན་ཉེན་ཁ་རིགས་དབྱེ་དོ་དམ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟ་འདོམས་འཐེན་བཤེར་གྱི་དམིགས་སའི་རང་བཞིན་དང་། གནད་སྨིན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ། དྲུག་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། ལས་ཀའི་རྩིས་ཁྲ་བཟོ་བ། ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ཁྲོམ་ར་ལྟ་འདོམས་ལས་བྱེད་པའི་ལས་དོན་ཁྲོད་ལྷག་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ནས། ཁྲོམ་རའི་བྱེད་པོ་བློ་བདེ་བག་ཕེབས་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱོད་གཙང་གཞུང་དྲང་དང་འདྲ་མཉམ་དྲང་གཞག་གི་ཁོར་ཡུག་བཟང་པོ་གཏོད་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།