དབུ་ཤོག>གསར་འགྱུར།
  • སྐུལ་མ་ཆེན་པོ་ཐེབས། རེ་བ་ཆེས་ཆེར་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-24

    ཟླ་10ཚེས་16ཉིན་གྱི་སྔ་དྲོ། ཏང་གི་ཚོགས་ཆེན་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ནས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

    འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། སྙན་སྒྲོན་ཉན་རྗེས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐའོ་མིང་ཅུན་གྱིས་གཏིང་སྐྱེས་རྫོང་གི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། “རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པ་དང་། ཞིང་འབྲོག་ལ་བརྟེན་ནས་རྫོང་བརྟན་དུ་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་མཛེས་སུ་གཏོང་བ། ཐོན་ལས་ལ་བརྟེན་ནས་རྫོང་ཕྱུག་ཏུ་གཏོང་བ། སྒོ་དབྱེར་བརྟེན་ནས་རྫོང་དར་རྒྱས་གཏོང་བ། ཁྲིམས་བཞིན་རྫོང་འཛུགས་སྐྱོང་བྱེད་པ་བཅས་ཀྱི‘འཐབ་ཇུས་དྲུག’དག་གཏིང་སྐྱེས་ཀྱི་སླད་ཕྱིན་ཡུན་རིང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་བརྩིས་ནས་ཕྱོགས་སྒྱུར་རིམ་སྤོར་ཁྲོད་འབད་འབུངས་ཡར་བརྩོན་དང་གོ་སྐབས་དམ་འཛིན་ཁྲོད་དུས་བསྟུན་མདུན་སྐྱོད་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གྲོང་ཁྱེར་དང་ཐ་ན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བརྗོད།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ས་སྐྱོང་གྲོང་ཚོའི་གྲོང་མི་ཏེང་པ་བ་ཏི་ལུང་གིས་བརྙན་ཐུང་སྒྲིག་བཟོ་དང་། དྲ་ཐོག་དྲིལ་བསྒྲགས། ཐད་གཏོང་ཟོག་ཚོང་སོགས་ཀྱི་ཐབས་ལམ་བརྒྱུད་རང་ངོས་འཕེལ་རྒྱས་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཏེང་པའི་རིག་གནས་དང་རྫ་ཡུལ་རྫོང་གི་ཡུལ་སྲོལ་གོམས་འདྲིས་ཁྱབ་གདལ་ཧུར་ཐག་བཏང་ཡོད། ད་ཆ་བརྙན་ཐུང་འབྲེལ་ལམ་གྱི་ལས་སྟེགས་སྣ་ཚོགས་ཐོག་ཁོང་ལ་ཧྥེན་སི་ཁྲི་200ལྷག་ཙམ་ཡོད་པས་ས་གནས་དེ་གའི་མི་ཚང་མས་ངོ་ཤེས་པའི་དྲ་ཐོག་མིང་ཅན་ཞིག་ཏུ་གྱུར་ཡོད། “སྙན་སྒྲོན་ནང‘འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི’སྐོར་གླེང་སྐབས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། ང་ཚོ་ཏེང་པ་མང་ཚོགས་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་བས་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཏི་ལུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།