དབུ་ཤོག>གསར་འགྱུར།
  • ཚོགས་ཆེན་མ་འཚོགས་གོང་བོད་ཀྱི་འཐུས་མི་ཚོ་ག་རེ་གནང་གི་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-10-15

    ཚོགས་ཆེན་ཉི་ཤུ་པ་དང་ཐད་འབྲེལ། 

      ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་སུ། ཚོགས་ཆེན་ལ་ཞུགས་མཁན་རང་ལྗོངས་ཀྱི་ཏང་གི་འཐུས་མི་རྣམ་པས་ཚོགས་འདུའི་ཡིག་ཆ་སློབ་སྦྱོང་ནན་ཏན་དང་། གྲོས་འགོ་དང་བསམ་འཆར་འཐུས་ཚང་དང་ཞིབ་ཚགས་སུ་གཏོང་བ། གཏམ་བཤད་གནད་བསྡུས་གྲ་སྒྲིག་ཨང་བསར། བསམ་ཚུལ་སྤེལ་རེས་དང་གྲོས་བསྡུར་སོགས་གནང་བཞིན་ཡོད།

      ཁོང་རྣམ་པས། དུས་རབས་ཀྱི་འཕར་རྩར་དམ་པོར་དམིགས་ནས་མི་དམངས་ཚོས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་རྒྱག་པ་དང་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། བོད་ཀྱི་མི་དམངས་ས་ཡ་3ལྷག་ཙམ་གྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས།

    640.jpg

    ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་བཞུགས་གནས་སུ་ཕེབས་འབྱོར་ཟིན་རྗེས། ཚོགས་འདུའི་འབྲེལ་ཡོད་བཀོད་སྒྲིག་ལ་གཟིགས་བཞིན་པ།

    640 (1).jpg

    འཐུས་མི་ཆོས་མཚོས་ལས་རོགས་དང་བརྙན་ལམ་ནས་བཟོ་གྲྭའི་ཐོན་སྐྱེད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    640 (2).jpg

    འཐུས་མི་ཡཱ་ཤཱས་ཚོགས་ཆེན་ལ་ཞུགས་སྐབས་གྱོན་པའི་ལྷོ་པ་རིགས་ཀྱི་རྒྱན་གོས་བསྡུ་གསོག་རྒྱག་བཞིན་པ།

    640 (3).jpg

    ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་སྤྱི་འཐུས་མི་ཚེ་རིང་ལྷ་མོས་ད་རེས་པེ་ཅིང་དུ་ཚོགས་འདུར་ཞུགས་སྐབས། སློབ་མས་བཙེམས་པའི་ཞྭ་མོ་གྱོན་ཏེ་སྤྲོ་སེམས་ཆེན་པོས་ཚོགས་ཆེན་ལ་བསུ་བ་ཞུ་བ། 

    640 (4).jpg

    ཚེ་རིང་ལྷ་མོས་གཏམ་བཤད་ཡིག་ཆ་འབྲི་བཞིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།