ཚེས་9ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་བཟང་བ། ཁྱད་ཆོས་མངོན་གསལ་དོད་པ། སྡོད་མལ་དང་ལས་ཞུགས་ལ་འཚམ་པ་བཅས་ཀྱི་ས་མཐོའི་གྲོང་ཁྱེར་ཧུར་ཐག་བཏོད་པས། གྲོང་ཁྱེར་གྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲངས་འབོར་146ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་སྐྲུན་ཁྱོན་སྤྱི་ལེ་ངོས་གྲུ་334ཟིན་པ། 2021ལོར་གྲོང་ཁྱེར་དང་གྲོང་རྡལ་ཅན་36.61%ཟིན་ནས་2012ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་13.86འཕར་ཡོད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར།
གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ། ལོ་བཅུའི་རིང་ལྗོངས་ཡོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཆར་འགོད་དང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་81གི་སྤྱིའི་འཆར་འགོད་དང་། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་3གྱི་སྲུང་སྐྱོང་འཆར་འགོད། ཤང(གྲོང་རྡལ)260ཡི་འཆར་འགོད། དེ་བཞིན་གྲོང་ཚོ་1203གྱི་འཆར་འགོད་བཅས་ལེགས་སྒྲུབ་བྱས་ནས། ལྷ་ས་གྲོང་ཁྱེར་གྱིས་ལྟེ་བ་དང་། གྲོང་ཁྱེར་དང་ས་ཁུལ་6གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱིས་ལྟེ་བ་གཉིས་པ། གྲོང་ཁྱེར་དང་གྲོང་རྡལ་གཞན་གྱིས་རྨང་གཞི་བཅས་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རིམ་གསུམ་མ་ལག་བསྐྲུན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ནས། མ་དངུལ་སྒོར་དུང་ཕྱུར་505.44བཏང་བ་དང་། གྲོང་ཁྱེར་དང་ས་ཁུལ་3དང་རྫོང་གྲོང་20ཡི་དྲོད་རླངས་མཁོ་འདོན་སྒྲིག་བཀོད་གསར་པ་བསྐྲུན་པ། གྲོང་ཁྱེར་དང་ས་ཁུལ་5དང་རྫོང་གྲོང་6གི་ས་འོག་ཕྱོགས་བསྡུས་མདོང་ལམ་སྤྱི་ལེ་53.42བསྐྲུན་པ། གྲོང་སྲིད་ཀྱི་འགྲོ་ལམ་99དང་གྲོང་སྲིད་ཀྱི་ཟམ་པ་8བསྐྲུན་པ། ཆུ་མཁོ་འདོན་བཟོ་གྲྭ་63བསྐྲུན་ནས། གྲོང་ཁྱེར་གྱི་སྤྱི་པའི་ཆུ་མཁོ་འདོན་ཁྱབ་ཚད་98.9%ཟིན་པ། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་བས། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་3དང་། གྲགས་ཅན་གྲོང་རྡལ་5 གྲགས་ཅན་གྲོང་ཚོ་4 ལོ་རྒྱུས་ཀྱི་ཁྲོམ་གཞུང་9 ལོ་རྒྱུས་ཀྱི་ཁང་པ་98 ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་35བཅས་ཡོད་པ་ལས། ས་མཐོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་ཉམས་འགྱུར་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད།
སྡོད་ཁང་མཁོ་འདོན་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ། ལོ་བཅུའི་རིང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས། ཤང་དང་གྲོང་རྡལ་བཅས་ཚང་མར་སྡོད་ཁང་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཞི་རྩའི་ཆ་ནས་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་45.62ཟིན་པ་དེ་2012ལོ་ལས་མི་རེར་ཆ་སྙོམས་སྨི་ངོས་གྲུ་9.48མང་དུ་ཕྱིན་ཡོད། འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་རྒྱུན་ཆད་མེད་པར་མང་དུ་བཏང་ནས། མ་དངུལ་སྒོར་དུང་ཕྱུར་214.59བཏང་སྟེ། སྤྱི་པའི་བོགས་ཁང་ཆ་ཚང་ཁྲི་14.13དང་། སྡོད་ཁང་སྐྱོ་ཁུལ་དུད་ཚང་ཁྲི་21.86བསྐྲུན་པ་དང་སྒྱུར་བཀོད་བྱས་པ་དང་། ལོ་ལྟར་མི་ཁྲི་1ལྷག་ཙམ་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བོགས་ཁང་གི་ཁ་གསབ་སྤྲད་དེ། གཙོ་བོ་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལས་རིགས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་སོགས་ཚོགས་སྤྱིར་གཙོ་གནད་འགན་ལེན་བྱས་པ། མ་དངུལ་སྒོར་དུང་ཕྱུར་116.32བཏང་སྟེ་ལས་བྱེད་ལས་བཟོའི་ལས་ཤག་ཁྲི་6.22བསྐྲུན་ནས། ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁང་696དང་འགག་སྒོ་གཉིས་ཀྱི་ལས་བྱེད་ལས་བཟོའི་ལས་ཤག་ཚང་མར་ཁྱབ་ཡོད། མ་དངུལ་སྒོར་དུང་ཕྱུར་3བཏང་ནས་ཚོགས་སྒྲིག་རྣམ་པའི་ཤེས་ལྡན་པའི་ལས་ཤག་1216བསྐྲུན་པ། མ་དངུལ་སྒོར་དུང་ཕྱུར་13.91བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་126ལ་སྒྱུར་བཀོད་བྱས་པ། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། ལྗོངས་ཡོངས་ཀྱི་མི་ཁྲི་40.16ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཙུགས་པ་དང་། སྒོར་དུང་ཕྱུར་835.79འཇལ་བ། སྒོར་དུང་ཕྱུར་441.99བླངས་པ། དངུལ་བུན་སྒོར་དུང་ཕྱུར་489.11བཏང་བ། སྤྱོད་ཚད་111.4%ཟིན་པ། དངུལ་བུན་གཡར་ཚད་71.19%ཟིན་ནས་ཁྱིམ་ཚང་ཁྲི་10ཙམ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ནས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་རེད།
གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ། མི་རིགས་ཀྱི་རིག་གནས་འགྲེམས་སྟོན་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས། སྤྲོ་གསེང་དང་སོས་དལ་གཉིས་ལྡན་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་23བསྐྲུན་ནས། སྡོད་མལ་ཁོར་ཡུག་ལེགས་སུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་བྱེད་ནུས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་ཐག་གཅོད་ལ་མུ་མཐུད་སྐུལ་འདེད་བཏང་ནས། སྲིད་འཛིན་གྲོང་ཚོར་ཁྱབ་ཚད་92.7%ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་4.36སོགས་གཙོ་གནད་རོགས་སྐྱོར་བྱ་ཡུལ་4ཡི་ཉེན་ཡོད་སྡོད་ཁང་ལ་སྒྱུར་བཀོད་དང་ཞིང་པ་དུད་ཚང་ཁྲི་3.92ཀྱི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ལེགས་སྒྲུབ་བྱས་པ། དུད་ཚང་ཁྲི་48.46ཀྱི་གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་པ། 2021ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་40.63ཟིན་པ་དེ་2012ལོའི་ལོ་མཇུག་དང་བསྡུར་ན། ཆ་སྙོམས་སྨི་ངོས་གྲུ་11.05ཆེ་རུ་ཕྱིན་ཡོད་པ་རེད།