དབུ་ཤོག>གསར་འགྱུར།
  • མེ་ཏོག་སྣ་བརྒྱས་རབ་ཏུ་བརྒྱན། ཚོགས་འདུ་གཟབ་རྒྱས་དགའ་བས་བསུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-10-12

    bad0859e-021f-4201-8b07-c6d71dedf116.jpg.jpg

    ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྲུའུ་ཧྲན་ཆུས་ནན་དབྱི་སྐོར་ལམ་དང་པོའི་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་མཛེས་ལྗོངས།

    1697793d-b1fa-4498-998f-d50dcf439e7d.jpg.jpg

    ཡུལ་སྐོར་བས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    d07dc1ae-c157-48c6-8307-a2fcc99420bd.jpg.jpg

    ཐེན་ཅིན་རིག་གནས་ལྟེ་གནས་ཐང་ཆེན་གྱི་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་མཛེས་ལྗོངས།

    ceb58123-b3c7-4c17-afda-51645140d464.jpg.jpg

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ཧོ་ཏུང་སྤྱི་གླིང་དུ་ལས་དོན་མི་སྣས་མེ་ཏོག་ལ་གཡོག་བྱེད་བྱེད་བཞིན་ཡོད་པ་དང་། ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་ཆེད། འདི་ལོའི་མེ་ཏོག་འགྲེམས་སྟོན་ཟླ་གཅིག་བར་ནར་འགྱངས་བྱེད་རྒྱུ་ཡིན་པ།

    a320cdbd-e5c1-4e2e-8685-5ceadbd17b38.jpg.jpg

    ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་དུས་རབས་ཐང་ཆེན་གྱི“ཏང་གི་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ།

    34269403-0351-403e-bc3a-f6298acf2cd2.jpg.jpg

    ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་མཱ་ཉན་ཀྲོང་གི་ཅའོ་ཡེ་སྤྱི་གླིང་ཉིན་ཤས་གོང་སྤྱི་དམངས་ལ་སྒོ་མོ་ཕྱེ་བ་དང་། སྤྱི་གླིང་གིས་བློ་ནུས་ཡོད་རྒུས་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་མཛེས་ལྗོངས་བཏོད་ཅིང་། འདི་ནི་ཡུལ་སྐོར་བས་དྲན་རྟེན་པར་རྒྱག་བཞིན་པ།

    b7f3149b-babd-4692-884a-27cf0e5b4292.jpg.jpg

    ནང་སོག་རང་སྐྱོང་ལྗོངས་ཨེར་ཏོ་སི་གྲོང་ཁྱེར་ཁང་པཱ་ཧྲེ་ཆུས་ཁྲོམ་གཞུང་གི“ཏང་གི་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་སྤྱི་དམངས་ལ་སྒོ་ཕྱེ་བས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ།

    ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཟླ་10ཚེས་16ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པར་དགའ་བས་བསུ་བ་ཞུ་ཆེད། རྒྱལ་ཡོངས་ས་གནས་ཁག་གིས་བློ་ནུས་གང་ཡོད་བཏོན་ནས་བརྗོད་དོན་གཙོ་བོའི་ལྗོངས་གཟིགས་མེ་ཏོག་སྟེགས་བུ་བསྐྲུན་ཡོད། མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་རེ་རེ་དང་མེ་ཏོག་སྣ་བརྒྱས་བརྒྱན་པའི་མེ་ཏོག་སྟེགས་བུ་དག་གིས་མེས་རྒྱལ་གྱི་ས་ཕྱོགས་གང་སར་མཛེས་སྡུག་གོས་བཟང་བཀླུབས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་བས་བསུ་བ་ཞུ་བའི་སྤྲོ་སེམས་འཁོལ་བའི་རྣམ་པ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།