དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-10-11

    གསར་འགོད་པས་བོད་རང་སྐྱོང་ལྗོངས་གྲོང་གསེབ་དང་ཞིང་ལས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་165དང་12740སོ་སོར་ཟིན་པ་དང་། ཁྱིམ་ཚང་ཞིང་འབྲོག་ར་2012ལོའི་15ནས་9261བར་མགྱོགས་མྱུར་འཕར་བ་དེ་2012ལོའི་ལྡབ་617.4ཡིན། ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱིས་ནས་དང་འབྲི་གཡག་སོགས་ཞིང་འབྲོག་ཐོན་ལས་ཆེ་གྲས་བདུན་གྱིས་གཙོས་པའི་ནས་དང་། འབྲི་གཡག བོད་ལུག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་གཞི་རྩའི་ཆ་ནས་བསྐྲུན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་ཆེད། བོད་ཀྱིས་རིམ་པས་འཕེལ་རྒྱས་དང་སྟོབས་ཆེར་སོང་བའི་ཞིང་འབྲོག་ལས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་སྟོབས་ཤུགས་ལ་བརྟེན་ནས། ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བས། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བོད་ཀྱིས་རིམ་རྩིས་བྱས་ན་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་685བསྐྲུན་པ་དང་། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་སྒྲིག་གཞི་མེད་པ་ནས་ཡོད་པའི་བར་གྱི་མཆོང་སྐྱོད་བྱུང་བ། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་ལྟེ་གནས་བཙུགས་པ་དེས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་འགྲོ་རྒྱུར་སྐུལ་མ་ཐེབས་ནས་2012ལོའི་མི་2984ནས་2021ལོའི་མི་8719བར་མང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་དང་ཚན་རྩལ་ཆེད་མངགས་པ་སོགས་ལག་རྩལ་མི་སྣ་10000ལྷག་ཙམ་གདན་ཞུ་བྱས་ཡོད། ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བཙུགས་པ་དང་ཚན་རྩལ་གྲུབ་འབྲས་ཀྱི་གཞན་སྒྱུར་ཐབས་ལམ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་ཡོད།

    ས་མཐོའི་ཁྱད་ལྡན་ཞིང་ལས་འཛུགས་སྐྲུན་འཕེལ་རྒྱས་གཏོང་རིང་། བོད་ཀྱིས་སྤུས་རྟགས་གཏོད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། བོད་ཀྱི་ཞིང་འབྲོག་ལས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་པོ“བོད་ཀྱི་ནས”ཁྱབ་བསྒྲགས་བྱས་ཤིང་། མིག་སྔར་བོད་དུ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་5ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།