དབུ་ཤོག>གསར་འགྱུར།
  • བོད་ཀྱིས་རིག་དངོས་ས་ཚིགས་ཁག་4468བརྟག་དཔྱད་ཐོ་འགོད་བྱས་པ་ལས་སྤོ་རུང་བའི་རིག་དངོས་ཁག་ཁྲི་51ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-10-10

    ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་ནས་ཤེས་རྟོགས་བྱས་པར། མིག་སྔར་བོད་དུ་བརྟག་དཔྱད་ཐོ་འགོད་བྱས་པའི་རིག་དངོས་ས་ཚིགས་སྣ་ཚོགས་4468དང་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་2373ཡོད་པའི་ནང་རྒྱལ་ཁབ་རིམ་པ་70དང་། རང་སྐྱོང་ལྗོངས་རིམ་པ་603 གྲོང་ཁྱེར་དང་རྫོང་རིམ་པ་1700བཅས་ཡོད་པ་དང་སྤོ་རུང་བའི་རིག་དངོས་ཁག་ཁྲི་51ཟིན་གྱི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་བཅུའི་ནང་། བོད་ཀྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་38.45བཏང་བ་དང་རིག་དངོས་སྲུང་སྐྱོབ་རྣམ་གྲངས་386ཟིན་གྱི་ཡོད་པ་རེད། དེའི་ནང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་32.49བཏང་བ་དང་རིག་དངོས་སྲུང་སྐྱོབ་རྣམ་གྲངས་268ལག་ལེན་བསྟར་བ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་5.96བཏང་བ་དང་རིག་དངོས་སྲུང་སྐྱོབ་རྣམ་གྲངས་118ལག་ལེན་བསྟར་ནས་དེའི་གྲངས་འབོར་དང་མ་དངུལ་གཏོང་ཤུགས་ཐད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། སྲུང་སྐྱོབ་རིགས་དེ་བས་མང་བ་དང་ཁྱབ་རྒྱ་དེ་བས་ཆེ་བ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པའི་འདུ་འགོད་དང་གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོའི་ཞིབ་འཇུག་གལ་ཆེན་ལ་ཧུར་ཐག་ཞུགས་ཏེ། 《བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་འཆར་འགོད(2021ལོ་ནས་2035ལོའི་བར)》བཀྲམ་ནས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འབྱུང་ཁུངས་དང་ཞིང་ལས་ཀྱི་འབྱུང་ཁུངས་དང་། བོད་ལྗོངས་ས་ཁུལ་དང་ཀྲུང་ཡོན་ས་ཁུལ་དབར་གྱི་འབྲེལ་བ། བོད་ལྗོངས་ས་ཁུལ་གྱི་རིག་གནས་རིམ་འགྱུར་སོགས་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། དར་གོས་ལམ་བུའི་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས(བོད་ལྗོངས་དུམ་བུ)ཀྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང“ཐང་བོད་གནའ་ལམ”དང“ཇ་རྟའི་ཚོང་ལམ”གྱི་ཤུལ་བཞག་འདུན་ཞུའི་ལས་དོན་སྒྲིག་འཛུགས་ཀྱིས་སྤེལ་བ་དང་། གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་277བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ་ད་ལྟ་ནས་བརྩིས་པའི་ལོ་ངོ་4000ལྷག་ཙམ་གོང་གི་མིའི་རིགས་ཀྱི་འགྲོ་སྐྱོད་ཀྱི་རྗེས་ཤུལ་ཐོག་མར་ཤེས་རྟོགས་ཐུབ་པ། མཚོ་བོད་ས་མཐོའི་བོད་ཤར་ལྷོའི་མིའི་རིགས་ཀྱི་འགྲོ་སྐྱོད་ཀྱི་རྗེས་ཤུལ་དང་དེ་བཞིན་འཚོ་གནས་ཁོར་ཡུག་ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་དུས་མཚམས་དང་པོའི་ས་ཡུལ་དངོས་ཀྱི་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཀྲའོ་ཤིང་པང་གིས། སླད་ཕྱིན་བོད་ཀྱིས་ད་དུང་རིག་དངོས་སྲུང་སྐྱོབ་འཆར་འགོད་བཟོ་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད》སོགས་བཀྲམ་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཚན་པ་ཁག་གཅིག་གི་སྲུང་སྐྱོབ་འཆར་འགོད་བཟོ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་གནའ་བོའི་ལྡེབས་རིས་སྲུང་སྐྱོབ་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཀྱི་ལས་དོན་ས་ཚིགས་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཙོ་གནད་ཚན་ཞིབ་རྟེན་གཞིའི་བོད་ཀྱི་མཉམ་འབྲེལ་ལས་དོན་ས་ཚིགས་ཀྱང་འཛུགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།