དབུ་ཤོག>གསར་འགྱུར།
  • ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཟླ་10ཚེས་12ཉིན་སྤྱོད་འགོ་འཛུགས་རྒྱུ་དང་འབྲེལ་ཕྱི་ཕྱོགས་ལ་སྣེ་ལེན་ཡང་ཞུ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-10-10

    གསར་འགོད་པར་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཟླ་10ཚེས་12ཉིན་སྤྱོད་འགོ་འཛུགས་རྒྱུ་དང་འབྲེལ་ཕྱི་ཕྱོགས་ལ་སྣེ་ལེན་ཡང་ཞུ་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པའི་སྣེ་ལེན་ཞབས་ཞུ་ཁུལ་པེ་ཅིང་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་དུ་བཙུགས་ཡོད་པ་རེད།

    གསར་འགྱུར་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཅར་འདྲིར་ཡོང་བའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་སྨྱན་སྦྱོར་གསར་འགོད་པ་དང་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་ཚོར་བཅར་འདྲིའི་ལག་ཁྱེར་གཉེར་བ་དང་། བཅར་འདྲིའི་རེ་ཞུ་བདག་སྤྲོད། ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས། གསར་འགོད་པ་ཚོགས་ཆེན་གྱི་བཅར་འདྲིའི་བྱེད་སྒོར་ཞུགས་རྒྱུར་བཀོད་སྒྲིག་བཅས་བྱེད་རྒྱུ་རེད།

    གསར་འགྱུར་ལྟེ་གནས་ཀྱི་དྲ་ཚུཌ(http://20th.cpcnews.cn)དང་འབྲེལ་ཡོད་ལས་སྟེགས་ཀྱི་རྩིས་ཨང(སྐད་འཕྲིན་སྤྱི་རྟགས་དང་། ཤིན་ལང་དཔོད་ཆུང་གི་རྩིས་ཨང་། དེ་རིང་གི་དབུ་རྩོམ)ཟླ་10ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་པར་ཤར་གཏོང་བྱས་ནས་ཚོགས་ཆེན་གྱི་ཆ་འཕྲིན་དང་། དེ་བཞིན་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་བཅར་འདྲིའི་བྱེད་སྒོའི་སྤྱི་བསྒྲགས་སོགས་ཀྱང་དུས་ཐོག་ཏུ་གཏོང་སྤེལ་བྱ་རྒྱུ་རེད། དྲ་ཚུགས་ཐོག“གསར་འགོད་པའི་ཆེད་ཁུལ”བཙུགས་ནས་ཐོ་འགོད་བྱས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

    གསར་འགྱུར་ལྟེ་གནས་ཀྱི་རྒྱལ་ནང་གསར་འགོད་པའི་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 68356200དང་68356300 བརྙན་སྐྱེལ་ཨང་གྲངས་ནི། 68356700 68356800 ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 68350700དང་68350800 བརྙན་སྐྱེལ་ཨང་གྲངས་ནི། 68350900དང་68351900 ཕྱི་རྒྱལ་གྱི་གསར་འགོད་པའི་སྣེ་ལེན་ཚོཌ་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 68350100དང་68350200 བརྙན་སྐྱེལ་ཨང་གྲངས་ནི་68350400དང་68350500བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།