དབུ་ཤོག>གསར་འགྱུར།
  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྨན་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཆོང་སྐྱོད་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-07

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྨན་གླིང་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་དང་། དམ་པ་དོན་གཉེར། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱས་པས་ཐུན་མོང་ཐོག་སྨན་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཟབ་མོ་དང་མཆོང་སྐྱོད་ཆེན་པོ་བྱུང་ནས་ཐུན་མོང་ཐོག་སྨན་གླིང་རྫོང་གི་བྱ་གཞག་ཁག་སྔོན་དུ་ཚད་བརྒལ་དང་ཁྱོན་ཡོངས་ཚད་བརྒལ་མངོན་འགྱུར་ཐུབ་ཡོད།

    བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། 2021ལོར་སྨན་གླིང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20.77ཟིན་པ་དེ་2012ལོའི་ལྡབ2.62ཡིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8782ནས་སྒོར25273བར་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16143ནས་སྒོར41346བར་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བསྡུར་ཚད་དེ1.8:1ནས1.6:1བར་ཆག་ཡོད། ལོ་ངོ་བཅུའི་རིང་། རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་175.23བྱས་ཏེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས692ལག་ལེན་བསྟར་ནས་གནམ་ཐང་དུ་མཁའ་འགྲུལ་ལམ་ཐིག་དང་དུས་གཏན་གནམ་གྲུ་མང་དུ་བཏང་བས་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཕེལ་རྒྱུས་མགྱོགས་པོ་བྱུང་ནས་བོད་སྨན་གྱི་སྨན་རྒྱུ་དང་བོད་ཕག་སོགས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་རྒྱུན་ཆད་མེད་པར་གོང་འཕེལ་དང་སྟོབས་ཆེར་ཕྱིན་ཡོད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱིས“100%ལྔའི”ལས་ཀའི་དམིགས་ཚད་སྔོན་ལ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནས་1.9%བར་ཉུང་དུ་བཏང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མང་ཚོགས་དབུལ་པོ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད100%དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་97.5%ཟིན་པར་བྱས་ཡོད། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཡག་པོ་བྱས་ཏེ་སྲིད་འཛིན་གྲོང་ཚོར་རིག་རྩལ་རུ་ཁག་འཛུགས་ཚད་100%ཟིན་ཡོད། དུད་ཚང་318ཀྱི་མི་གྲངས་1634ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་ནས་དུད་ཚང་དབུལ་པོ་747གྱི་མི་གྲངས་2351ཉུང་དུ་བཏང་ཡོད། སྨན་གླིང་རྫོང་གི་དཀའ་ངལ་ཡོད་པའི་མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12995ཟིན་ནས་ལྡབ་5.81འཕར་བ་དང་། དབུལ་པོར་གྱུར་ཚད་2015ལོའི་14.26%ནས་མིག་སྔའི་བར་དབུལ་པོ་དབུལ་རྐྱང་ཁྱོན་ཡོངས་ནས་བསལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།