ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་སྒེར་གྱི་སྡོད་ཁང་དང་པོ་ཉོ་སྐབས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་བའི་གཏན་འབེབས་བྱས་པ།
ཀྲུང་གོ་མི་དམངས་དངུལ་ཁང་གིས་2022ལོའི་ཟླ་10ཚེས་1ཉིན་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་སྒེར་གྱི་སྡོད་ཁང་དང་པོ་ཉོ་སྐབས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་བརྒྱ་ཆའི་གྲངས་0.15དམའ་རུ་གཏོང་རྒྱུ་དང་། དངུལ་བུན་གཡར་བའི་ལོ་ཚད་ལོ་5མན(ལོ་5ཚུད་པ)དང་ལོ་5ཡན་གྱི་སྐྱེད་ཀ་སོ་སོར་2.6%དང་3.1%ལེགས་སྒྲིག་བྱེད་པའི་གཏན་འབེབས་བྱས་པ་དང་། མི་སྒེར་གྱི་སྡོད་ཁང་གཉིས་པ་ཉོ་སྐབས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀའི་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་རྒྱུ་སྟེ། ལོ་5མན(ལོ་5ཚུད་པ)དང་ལོ་5ཡན་གྱི་སྐྱེད་ཀ་3.025%དང་3.575%ལས་མི་དམའ་བའི་གཏན་འབེབས་བྱས་པ་རེད།
