དབུ་ཤོག
  • ལྷ་སའི་ས་ཆ་འདི་དག་ནས་གོང་ཁེའི་ཕག་ཤ་འཚོང་གི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-03

     ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་གོང་ཚད་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་ནས། ཁྲོམ་རའི་མཁོ་སྤྲོད་གྲབས་གསོག་དང་འགན་ལེན་བྱེད་པའི་སྲིད་གཞུང་གི་ནུས་པ་ཡག་པ་བཏོན་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་བསྐང་ཆེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཉེ་དུས་གཅིག་སྡུད་གྲབས་གསོག་བྱས་པའི་འཁྱག་བཏང་བའི་ཕག་ཤ་གོང་ཁེ་པོས་མང་ཚོགས་ལ་འཚོང་གི་ཡོད། ཞིབ་ཕྲ་འདི་ལྟར་ཏེ། 

    གཅིག ཤ་འཚོང་བའི་དུས་ཚོད།

    2022ལོའི་ཟླ་10ཚེས་1ཉིན་ནས་བཟུང་འཁྱག་ཤ་བཙོངས་མ་ཚར་བར།

    གཉིས། ཤ་འཚོང་སྟངས།

    ད་རེས་གོང་ཁེ་པོས་མང་ཚོགས་ལ་འཁྱག་བཏང་བའི་ཕག་ཤ་ཏུན་560འཚོང་གི་ཡོད་ཅིང་། སྤྱི་རྒྱ་གསུམ་རེར་བགོས་ནས་འགྱིག་ཤོག་གི་ནང་དུ་བླུགས་ཏེ(ཕག་པའི་ལུས་ཀྱི་ཤ་སྣ་ཚོགས་ཡོད)ཤ་འཚོང་ས་ནས་སྤྱི་རྒྱ་རེར་སྒོར་27.8བྱས་ནས་འཚོང་གི་ཡོད།

    གསུམ། འཚོང་ས། (ཞིབ་ཕྲ་རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས)

    640.png

    འབྲེལ་གཏུག་བྱ་ཡུལ་དང་ཁ་པར་ཨང་གྲངས།

    ཤིས་ཧའེ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སི། སྤྱི་ཁྱབ་ནོར་ལགས། 15708013857

    ཁྲེང་ཀོན་ཆུས་ས་གཙང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། སྤྱི་ཁྱབ་བྱམས་ལགས། 18582874456

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།