དབུ་ཤོག>གསར་འགྱུར།
  • མཐའ་འཁྱོངས་བྱས་ན་རྒྱལ་ཁ་འཐོབ་པར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཱ་ཞའོ་ཡན།   |     སྤེལ་དུས།  2022-09-20

    “མཐའ་མའི་རྒྱལ་ཁ་ནི་རྟག་ཏུ་མུ་ནས་མུ་མཐུད་དེ་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད” རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་སྙིང་རུས་དང་། ངེས་ཤུགས། བཟོད་བསྲན་བཅས་ལ་ཚོད་བགམ་བྱེད་པའི་དམག་ཆེན་ཞིག་ཡིན་ཞིང་། མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ“ཆུ་བོའི་གྱེན་དུ་གྲུ་གཏོང་སྐབས་གྱེན་དུ་མ་ཕྱིན་པར་ཕྱིར་བཤོལ་ཐེབས་པའི”འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ངར་ཤུགས་གཅིག་སྒྲིམ་དང་རྒྱལ་ཁ་ཐོབ་ཉེར་ཡོད་པའི་སྐབས་སུ་འབད་བརྩོན་ལྷོད་མེད་བྱས་ན། མཐའ་མའི་རྒྱལ་ཁ་ལེན་ཐུབ།

    འགོ་བརྩམས་པ་ནས་མཇུག་མ་བསྡུས་བར་གཟབ་ནན་བྱས་ན་གྲུབ་འབྲས་མི་ཐོབ་ག་ལ་སྲིད། “ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ”ཞེས་པའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས། དུས་བབ་ཇི་ཙམ་ལེགས་སུ་སོང་བ་དང་ཇི་ཙམ་ངལ་དུབ་ཆེ་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། ཞིབ་ཚགས་ཐད་སྣང་མེད་དུ་སོང་བ་དང་ལྷུ་ཚིགས་ཐད་ལས་འཛོལ་བྱུང་ཚེ་རིམས་ནད་བསྐྱར་ལོག་ཡོང་བ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་གྲུབ་འབྲས་ཆུད་ཟོས་དང་ཐ་ན་རྐང་རྗེས་ལག་སུབ་ཏུ་འགྲོ་སྲིད་པར་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལྷོད་གཡེང་དང་སྒྱིད་ལུག་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་ཤིང་། རྨོངས་ཚོད་ཀྱིས་དགའ་པོ་བྱེད་མི་རུང་ལ། ལྷོད་གཡེང་དང་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་རྣམ་འགྱུར་དེ་བས་ཀྱང་ཡོད་མི་རུང་བར། ངོས་འཛིན་ཐད་ནས་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་གཏོང་བ་དང་། བསམ་བློའི་ཐད་ནས་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་ཐད་ནས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཛིང་རགས་སྔར་བས་དམ་ཚགས་དང་བརྟན་དུ་གཏོང་དགོས།

    མཐའ་འཁྱོངས་ནི་རྒྱལ་ཁ་ཡིན། མཐའ་འཁྱོངས་བྱས་ན་གཞི་ནས་རྒྱལ་ཁ་འཐོབ། མཐའ་འཁྱོངས་བྱས་ན་རྒྱལ་ཁ་འཐོབ་པར་ངེས། གནས་སྐབས་ཀྱི་སྟབས་མི་བདེ་བ་ནི་དེ་བས་ཡུན་རིང་གི་སྟབས་བདེ་ཡོང་བའི་ཆེད་དུ་ཡིན་པ་དང་། ཆ་ཤས་བརྟན་སྲུང་བྱེད་པ་ནི་ཁྱབ་རྒྱ་དང་ཁྱབ་ཁོངས་དེ་བས་ཆེ་བའི་མི་སེར་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཡོང་ཆེད་ཡིན། ང་ཚོས“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་ཀྱིས“དམ་པ་དོན་གཉེར”དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་སྙིང་སྟོབས་ཡར་འཕེལ་དང་ཨམ་གཙིགས་བསྡམས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།