གསར་འགོད་པར་ཚེས་15ཉིན་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་སྒེར་འཁོར་ཞིབ་དཔྱད་ཀྱི་དུས་འཁོར་སྔར་བས་ལྷུག་ཏུ་གཏོང་མཁན་རེད་འདུག
སྐྱེལ་འདྲེན་ལས་གཉེར་མིན་པའི་འཇིབ་ཆུང(རྐུབ་སྟེགས་9དང་དེ་མན་ཚུད་པ་དང་མོ་ཊ་མེན་པའོ་ཕུད)དང་སྦག་སྦག་གི་ཞིབ་དཔྱད་དུས་འཁོར་སྔར་བས་ལེགས་སུ་གཏོང་མཁན་རེད།
སྐྱེལ་འདྲེན་ལས་གཉེར་མིན་པའི་འཇིབ་ཆུང་ལ་དེ་སྔའི་ལོ་10ཡི་ནང་ཞིབ་དཔྱད་ཐེངས་3བྱེད་དགོས་པ་ནས་ཐེངས་2(ལོ་6པ་དང་ལོ་10པར)ལས་བྱེད་མི་དགོས་པ་མ་ཟད། དེ་སྔའི་ལོ་15སོང་རྗེས། ལོ་ཕྱེད་རེར་ཞིབ་དཔྱད་ཐེངས་རེ་བྱེད་དགོས་པ་ནས་ལོ་རེར་ཞིབ་དཔྱད་ཐེངས་རེ་ལས་བྱེད་དགོས་ཀྱི་མེད།
སྦག་སྦག་ལ་མཚོན་ན། དེ་སྔའི་ལོ་10ཡི་ནང་དྲ་ཐོག་ནས་ཞིབ་དཔྱད་ཐེངས་5བྱེད་དགོས་པ་ནས་ཞིབ་དཔྱད་ཐེངས་2(ལོ་6པ་དང་ལོ་10པར)ལས་བྱེད་དགོས་མེད་པ་དང་། ལོ་10སོང་རྗེས་ལོ་རེར་ཞིབ་དཔྱད་ཐེངས་རེར་བྱེད་དགོས་ཀྱི་ཡོད།
ད་ཐེངས་ལེགས་སྒྲིག་བྱས་རྗེས། སྐྱེལ་འདྲེན་ལས་གཉེར་མིན་པའི་འཇིབ་ཆུང་དང་སྦག་སྦག་ལོ་10ཡི་ནང་ཚུན་དུ་ལོ་6པ་དང་ལོ་10པར་ཞིབ་དཔྱད་སྒྲིག་གཞིར་ཞིབ་དཔྱད་བྱེད་པར་འགྲོ་དགོས་པ་དང་། ལོ་གཉིས་རེར་དྲ་ཐོག་ནས་ཞིབ་དཔྱད་མཚོན་རྟགས་རེ་ལེན་དགོས། ལོ་10སོང་རྗེས་ཞིབ་དཔྱད་སྒྲིག་གཞིར་ལོ་རེར་ཞིབ་དཔྱད་ཐེངས་རེ་བྱེད་པར་འགྲོ་དགོས།