དབུ་ཤོག
 • མགྱོགས་པོ་གཟིཌ། བྱ་བ་འདི་དག་ལ་ཉེས་ཁྲིམས་ལས་འགལ་བའི་དོགས་གཞི་འདུག

 • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-14

  རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

  抗击疫情 —— 法律与道德同行

  1.png

  དོན་བསྟུན་ཁྲིམས་གླེང་།

  以事说法

  2.png

  5.རིམས་ནད་ཚོད་འཛིན་དང་སྤྱི་བདེ་སྡེ་ཚན་གྱིས་སྤེལ་བའི་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་ལས་དོན་ལ་གཞོགས་འདེགས་མི་བྱེད་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་མཇུག་འབྲས་གང་དག་འཁུར་དགོས་སམ།

  ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་པ་དང་། ཉེས་ཚབས་ཆེ་རིགས་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད། གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ(རྒྱལ་ཁབ་ལས་ཁུངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད་པ)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ཀྱི་ལས་དོན་སྤེལ་བར་བཀག་འགོག་བྱེད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་ལས་འགལ་བའི་དོགས་གཞི་ཡོད་པས། གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།

  5.拒绝配合疾控和公安部门开展的疫情流行病学调查工作的,涉嫌违反哪些法律,需要承担哪些后果?

  答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。可能涉嫌违反《刑法》第三百三十条相关规定,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌违反《刑法》第二百七十七条,构成妨害公务罪。

  6.ཚ་བ་རྒྱས་པ་དང་། སྐམ་གློ་གོག་པ། གཟུགས་པོར་ཤུགས་མེད་པ། སྣ་ཤེས་དང་ལྕེ་ཤེས་ཉམས་པ། སྣ་འགག་པ། སྣ་ཆུ་ཟག་པ། མིད་པ་ན་བ། མིག་སྐྱིའི་གཉན་ཚད་རྒྱས་པ། ཤ་གནད་ན་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་མི་འགྲོ་བ་དང་བསླབ་བྱ་བྱས་ཀྱང་མ་ཉན་ཚེ། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་མཇུག་འབྲས་གང་དག་འཁུར་དགོས་སམ།

  ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་པ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།

  6.具有发热、干咳、乏力、嗅觉味觉减退、鼻塞、流涕、咽痛、结膜炎、肌痛和腹泻等症状的人员,未按照疫情防控要求,到发热门诊就医,经劝阻无效的,涉嫌违反哪些法律,需要承担哪些后果?

  答: 此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

  ཁྲིམས་ལུགས་རྒྱུན་ཤེས།

  法律常识

  3.png

  5.ལོགས་དགར་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་རང་མཚམས་ཀྱིས་ལོགས་དགར་སྨན་བཅོས་བྱ་ཡུལ་ནས་འགྲོ་མཁན་ནད་པ་དང་དོགས་པ་ཡོད་པའི་ནད་པར་ཐག་གཅོད་ཇི་ལྟར་བྱེད་དགོས།

  ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོར། “ལོགས་དགར་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་ལོགས་དགར་འཇོག་ཡུན་མ་འཐིམས་གོང་ནས་ལོགས་དགར་སྨན་བཅོས་བྱ་ཡུལ་ནས་རང་དགར་ཕྱིན་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ལ་རོགས་སྐྱོར་བྱས་ནས་བཙན་ཤེད་ཀྱིས་ལོགས་དགར་སྨན་བཅོས་བྱེད་ཐབས་སྤྱོད་དགོས”པའི་གཏན་འབེབས་བྱས་ཡོད།

  5.对拒绝或者擅自脱离隔离治疗的病人、疑似病人应如何处理?

  答:《传染病防治法》第三十九条第一款规定:“拒绝隔离治疗或者隔离期未满擅自脱离隔离治疗的,可以由公安机关协助医疗机构采取强制隔离治疗措施。”

  4.png

  5.png

  འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།