དབུ་ཤོག
  • རིམས་ནད་ལ་འགོག་རྒོལ་བྱེད། བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད (3)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-13

    རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    1.png

    དོན་བསྟུན་ཁྲིམས་གླེང་།

    以事说法

    2.png

    3.བདེ་ཐང་བཤེར་རྟགས་སེར་པོ་དང་དམར་པོ་ཡིན་པའི་མིས། གལ་སྲིད་གཏན་འབེབས་ལྟར་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་དམ་ཡང་ན་གཅིག་སྡུད་ལོགས་དགར་ལྟ་ཞིབ་དང་ལེན་མ་བྱས་ཚེ། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་པ་དང་། ཉེས་པ་ཚབས་ཆེ་རིགས་ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་པའི་ཉེས་པ་བསགས་པ་རེད།

    3.健康码为黄码、红码的人员,如果不按照规定居家健康监测或者集中隔离观察的,涉嫌违反哪些法律,需要承担哪些后果?

    答:此种行为涉嫌违反《治安管理处罚法》第五十条,处警告或者200元以下罚款;情节严重的,处5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

    4.གཅིག་སྡུད་ལོགས་དགར་འཇོག་མཚམས་བཞག་རྗེས། གཏན་འབེབས་ལྟར་བདེ་ཐང་བརྟག་དཔྱད་དང་དོ་དམ་དང་ལེན་མི་བྱེད་ཅིང་། ཁ་ཏ་བསླབ་བྱ་བྱས་ཀྱང་མ་ཉན་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་པ་ཡོད་པ་དང་མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་པ་དང་། ཉེས་པ་ཚབས་ཆེ་རིགས་ཉིན་5ཡན་ནས་ཉིན་10མན་བཀག་ཉར་བྱེད་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག

    ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་པའི་ཉེས་པ་བསགས་པ་རེད།

    4.集中隔离结束后,不按照规定接受健康监测和管理,经劝阻无效的,涉嫌违反哪些法律,需要承担哪些后果?

    答: 此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。

    引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    3.png

    4.སྨན་བཅོས་སྒྲིག་གཞིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་ནད་པ་དང་། དོགས་པ་ཡོད་པའི་ནད་པ། དེ་བཞིན་ཁོ་ཚོ་དང་འབྲེལ་འདྲིས་དམ་ཟབ་འབྱུང་མཁན་བཅས་ལ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོར། “སྨན་བཅོས་སྒྲིག་གཞིས་འགོ་ནད་ཀྱི་རིགས་ཀ་པ་ཡོད་པ་ཤེས་སྐབས། དུས་ཐོག་ཏུ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ།

    (གཅིག)ནད་པ་དང་ནད་ཁུངས་ལྡན་པའི་མི་ལོགས་དགར་བཞག་ནས་སྨན་བཅོས་བྱེད་དགོས་པ་དང་། ལོགས་དགར་འཇོག་པའི་དུས་ཡུན་གསོ་རིག་གི་བརྟག་དཔྱད་འབྲས་བུར་གཞིགས་ནས་གཏན་འཁེལ་བྱེད་དགོས།    

    (གཉིས)དོགས་པ་ཡོད་པའི་ནད་པར་ནད་བརྟག་གཏན་འཁེལ་མ་བྱས་གོང་དམིགས་འཛུགས་ཀྱི་གནས་སུ་ཁེར་རྐྱང་ལོགས་དགར་བཞག་ནས་སྨན་བཅོས་བྱེད་དགོས།

    (གསུམ)སྨན་བཅོས་སྒྲིག་གཞིའི་ནང་གི་ནད་པ་དང་། ནད་ཁུངས་ལྡན་པའི་མི། དོགས་པ་ཡོད་པའི་ནད་པ་བཅས་དང་འབྲེལ་འདྲིས་དམ་ཟབ་འབྱུང་མཁན་རྣམས་དམིགས་འཛུགས་ཀྱི་གནས་སུ་གསོ་རིག་ལྟ་ཞིབ་བྱེད་དགོས་པ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་དགོས”པའི་གཏན་འབེབས་བྱས་ཡོད།

    4.医疗机构如何处置新型冠状病毒感染肺炎病人、疑似病人以及他们的密切接触者?

    答:《传染病防治法》第三十九条第一款规定:“医疗机构发现甲类传染病时,应当及时采取下列措施:

    (一)对病人、病原携带者,予以隔离治疗,隔离期限根据医学检查结果确定;

    (二)对疑似病人,确诊前在指定场所单独隔离治疗;

    (三)对医疗机构内的病人、病原携带者、疑似病人的密切接触者,在指定场所进行医学观察和采取其他必要的预防措施。”

    4.png

    5.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།