དབུ་ཤོག
  • རིམས་ནད་ལ་འགོག་རྒོལ་བྱེད། བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད (2)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-12

    རིམས་ནད་ལ་འགོག་རྒོལ་བྱེད།——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情——法律与道德同行 

    1.png

    དོན་བསྟུན་ཁྲིམས་གླེང་།

    以事说法

    2.png

    1.ཉིང་སྐྱུར་བརྟག་དཔྱད་བྱེད་ཁོངས་སུ་ཚུད་པའི་མི་ཚོགས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ན། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱ་སྤྱོད་འདི་རིགས《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག》གི་དོན་ཚན་ང་གཅིག་པ་ལས་འགལ་ཏེ། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་བརྟག་དཔྱད་དང་། མ་དཔེ་བསྡུ་ལེན། ལག་རྩལ་གྱིས་དབྱེ་ཞིབ་དང་ཞིབ་བཤེར་བྱེད་པ་བཅས་ལ་གཞོགས་འདེགས་མ་བྱས་ན། ཕལ་ཆེར《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ལས་འགལ་ཉེན་ཡོད་ཅིང་། བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་ཀྱི་ཚད་ལ་བསླེབས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་པ་དང་། ཉེས་པ་བསགས་པའི་དོགས་གཞི་ཡོད་རིགས་ལ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་གཞིགས་ནས། འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པར་བརྟེན་ནས། ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    1.纳入核酸检测范围的人群,不参加统一组织的核酸检测的,涉嫌违反哪些法律,需要承担哪些后果?

    答:此种行为违反《突发公共卫生事件应急条例》第五十一条,有关单位和个人不配合调查、采样、技术分析和检验,可能触犯《治安管理处罚法》,构成违反治安管理行为的,将由公安机关依法予以处罚;涉嫌构成犯罪的,将依照《刑法》第三百三十条以涉嫌妨害传染病防治罪追究刑事责任。

    2.བཀག་སྡོམ་ཚོད་འཛིན་དང་བཀག་སྡོམ་བྱས་པའི་ཁུལ་ཆུང་གི་གྲོང་མིས་བཀག་སྡོམ་དོ་དམ་ལ་གཞོགས་འདེགས་མ་བྱས་པར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་པུའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། རང་དགར་ཕྱིར་བསྐྱོད་པ་དང་འདུ་འཛོམས་བྱས་ན། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན། བྱ་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་ཅིང་། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་ཉིན་10མན་གྱི་བཀག་ཉར་བྱེད་པའི་ཆད་པ་གཅོད་པ་དང་ཆབས་ཅིག་སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་པའི་ཉེས་པ་བསགས་པ་དང་། ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དང་ནད་ཁུངས་ལྡན་པའི་མིས། ནད་གཞི་སྦ་གསང་དང་འགྲོ་ཞུལ་ཆ་འཕྲིན་སྦ་གསང་བྱས་ནས། མི་མང་འདུ་འཛོམས་བྱ་ཡུལ་དུ་བསྐྱོད་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་དེ་ཏོག་དབྱིབས་ནད་དུག་གསར་པ་མཆེད་པ་ཡིན་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཉེན་ཁའི་བྱ་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་བསགས་པ་རེད།

    2.封控、封闭小区的居民拒不配合封控管理,违反疫情防控指挥部相关规定,擅自外出、聚集的,涉嫌违反哪些法律,需要承担哪些后果?

    答:答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌违反《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    3.png

    3.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཚན་པ་དང་མི་སྒེར་གྱིས་སྒྲུབ་དགོས་པའི་འོས་འགན་གང་དག་ཡོད་དམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ལས་ཁུངས་དང་མི་སྒེར་ཚང་མས་ངེས་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་འབྲེལ་ཡོད་འགོ་ནད་བརྟག་དཔྱད་དང་། ཞིབ་བཤེར། མ་དཔེ་བསྡུ་ལེན། ལོགས་བཀར་སྨན་བཅོས་སོགས་བྱེད་པའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་ལེན་བྱས་ནས། འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས”པའི་གཏན་འབེབས་བྱས་ཡོད།

    དོན་ཚན་སོ་གཅིག་པར། “ཚན་པ་དང་མི་སྒེར་གང་འདྲ་ཞིག་ཡིན་རུང་། འགོ་ནད་འགོས་པའི་ནད་པའམ་ཡང་ན་འགོ་ནད་འགོས་པར་དོགས་པ་ཡོད་པའི་ནད་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཉེ་འཁོར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིའམ་ཡང་ན་སྨན་བཅོས་སྒྲིག་གཞིར་སྙན་སེང་ཞུ་དགོས”པའི་གཏན་འབེབས་བྱས་ཡོད།

    《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་བཞི་པར། “ཚན་པ་དང་མི་སྒེར་གང་འདྲ་ཞིག་ཡིན་རུང་། ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་གྱི་འཕེལ་ཕྱོགས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་ཀ་དང་འབྲེལ་ཡོད་ཆ་འཕྲིན་རྫུན་མ་བཟོ་བ་དང་བརྒྱུད་བསྒྲགས་བྱ་མི་ཆོག”པའི་གཏན་འབེབས་བྱས་ཡོད།

    དོན་ཚན་ང་དྲུག་པར། “རང་བྱུང་གེགས་སྐྱོན་གྱི་གནོད་འཚེ་ཕོག་པའམ་ཡང་ན་ལས་འཛོལ་གྱིས་གེགས་བར་ཕྲད་པ་དང་། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་བའི་ཚན་པས། འཕྲལ་མར་ཚན་པ་དེ་གའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས། གནོད་འཚེ་ཕོག་མཁན་སྐྱོབ་པ་དང་། ཉེན་ཁ་འཕྲད་པའི་མི་ཁ་འགྲེམས་དང་། ཕྱིར་འཐེན། བཀོད་སྒྲིག་བཅས་བྱེད་དགོས་པ་དང་། ཉེན་ཁའི་འབྱུང་ཁུངས་ཚོད་འཛིན་དང་། ཉེན་ཁ་ཆེ་བའི་ཁུལ་དུ་མཚོན་རྟགས་འཇོག་པ། ཉེན་ཁ་ཆེ་བའི་ཁུལ་བཀག་སྡོམ་བཅས་བྱེད་དགོས་པ་མ་ཟད། གནོད་འཚེ་ཆེ་རུ་མི་འགྲོ་བའི་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱོད་དགོས་པ་དང་ཆབས་ཅིག གནས་སའི་ས་ཁུལ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་སོགས་དང་……

    གློ་བུར་དོན་རྐྱེན་ཐོན་སའི་ཚན་པ་གཞན་དག་ནས་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱར་བརྩི་སྲུང་ཞུ་དགོས་པ་དང་། མི་དམངས་སྲིད་གཞུང་གིས་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སྤྱོད་པར་གཞོགས་འདེགས་བྱས་ཏེ། ཚན་པ་དེ་གའི་འཕྲལ་སྡོམ་རོགས་སྐྱོབ་ལས་ཀ་ཡག་པོ་སྒྲུབ་དགོས་པ་མ་ཟད། མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས། གནས་སའི་ས་ཆ་དེ་གའི་འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་བྱེད་པའི་ལས་དོན་ལ་ཞུགས་དགོས”པའི་གཏན་འབེབས་བྱས་ཡོད།

    དོན་ཚན་ང་བདུན་པར། “གློ་བུར་དོན་རྐྱེན་ཐོན་སའི་སྤྱི་དམངས་ཀྱིས་མི་དམངས་སྲིད་གཞུང་དང་། གྲོང་མི་ཨུ་ཡོན་ལྷན་ཁང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཁོངས་གཏོགས་ཚན་པ་བཅས་ཀྱི་བཀོད་འདོམས་དང་བཀོད་སྒྲིག་དང་ལེན་ཞུ་དགོས་པ་དང་། མི་དམངས་སྲིད་གཞུང་གིས་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སྤྱོད་པར་གཞོགས་འདེགས་བྱེད་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་དོན་ལ་ཧུར་ཐག་ཞུགས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རོགས་བཅས་བྱེད་དགོས་པའི”གཏན་འབེབས་བྱས་ཡོད།

    3.在防控新型冠状病毒感染肺炎疫情工作中,单位和个人有哪些义务?

    答:《传染病防治法》第十二条规定:“在中华人民共和国领域内的一切单位和个人,必须接受疾病预防控制机构、医疗机构有关传染病的调查、检验、采集样本、隔离治疗等预防、控制措施,如实提供有关情况。”

    第三十一条规定:“任何单位和个人发现传染病病人或者疑似传染病病人时,应当及时向附近的疾病预防控制机构或者医疗机构报告。”

    《突发事件应对法》第五十四条规定:“任何单位和个人不得编造、传播有关突发事件事态发展或者应急处置工作的虚假信息。”

    第五十六条规定:“受到自然灾害危害或者发生事故灾难、公共卫生事件的单位,应当立即组织本单位应急救援队伍和工作人员营救受害人员,疏散、撤离、安置受到威胁的人员,控制危险源,标明危险区域,封锁危险场所,并采取其他防止危害扩大的必要措施,同时向所在地县级人民政府报告;……。

    突发事件发生地的其他单位应当服从人民政府发布的决定、命令,配合人民政府采取的应急处置措施,做好本单位的应急救援工作,并积极组织人员参加所在地的应急救援和处置工作。”

    第五十七条规定:“突发事件发生地的公民应当服从人民政府、居民委员会、村民委员会或者所属单位的指挥和安排,配合人民政府采取的应急处置措施,积极参加应急救援工作,协助维护社会秩序。”

    4.jpg

    5.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།