དབུ་ཤོག>གསར་འགྱུར།
  • ད་བར་བོད་ལ་རིམས་ནད་རྐྱེན་གྱིས་དབུལ་པོ་བསྐྱར་ལོག་གནས་ཚུལ་ཐོན་མེད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-10

    ཟླ་9ཚེས་9ཉིན། རང་སྐྱོང་ལྗོངས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཧོ་ཀྲུང་ཧྭ་ཡིས། མིག་སྔའི་བར། ལྗོངས་ཡོངས་སུ་རིམས་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནད་ཚུལ་ཐོན་མེད་ཅིང་། མིག་སྔར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཧུར་ཐག་བྱེད་བཞིན་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རང་འགུལ་ངང་ཧུར་ཐག་ཞུགས་པ། ཞིང་འབྲོག་མང་ཚོགས་ལ་རིམས་ནད་ལས་རྣམ་པར་རྒྱལ་བར་གདེང་ཚོད་ཀྱིས་ཁེངས་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡིན་པ་བཅས་ལས་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    1.jpg

    ཡོངས་བསྒྲགས་ཚོགས་འདུ་ཚོགས་ཡུལ།

    ཧོ་ཀྲུང་ཧྭ་ཡིས་ངོ་སྤྲོད་བྱས་དོན། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཁོངས་གཏོགས་ཀྱིས་ཉིན་ལྟར་བཀོད་གཏོང་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་རིམས་ནད་དང་འབྲེལ་བའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ། རོགས་སྐྱོར་བྱ་ཐབས་ནུས་ལྡན་སྤྱད་ནས་དབུལ་གྲོལ་གྱི་དུད་ཚང་དང་ལྟ་ཞིབ་ཚད་ལེན་གྱི་དུད་ཚང་ལ་དུས་ཐོག་ཏུ་རོགས་སྐྱོར་ཐུབ་པའི་འགན་ལེན་བྱས་ཡོད། རིམས་ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་ཉེན་ཆེ་བའི་ཞིང་དུད་ལ“ཐོགས་མེད་བགྲོད་ལམ”བཏོད་དེ། སྔོན་ལ་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་བཅུག་པ་དང་། དེ་རྗེས་འབྲེལ་ཡོད་འགྲོ་ལུགས་གཉེར་གྱི་ཡོད། རང་འགུལ་ངང་རྫོང(ཆུས)གི་རིམས་ནད་གནས་ཚུལ་གཞུང་ལས་ཁང་དང་འབྲེལ་མཐུད་བྱས་ཏེ། དབུལ་གྲོལ་གྱི་དུད་ཚང་དང་ལྟ་ཞིབ་ཚད་ལེན་གྱི་དུད་ཚང་ལ་ནད་དཔེ་ཐོན་ཚེ་འཕྲལ་མར་རོགས་སྐྱོར་ལམ་སྲོལ་ལག་ལེན་བསྟར་ནས། རོགས་སྐྱོར་བྱེད་ཐབས་དང་རོགས་སྐྱོར་འབྲེལ་གཏུག་མི་སྣ་ཁ་གསལ་བཟོས་ཏེ། རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད།

    ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་སེལ་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཆབས་ཅིག རྫོང་དང་ཆུས་ཁག་གི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་དང་། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ནི་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྤེལ་རིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཁོངས་གཏོགས་ཀྱིས་རྒྱུན་མཐུད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཡོང་འབབ་ཀྱི་འགྱུར་ལྡོག་ལ་གཙོ་གནད་དོ་ཁུར་བྱས་ཏེ། རིམས་ནད་ལས་དབུལ་གྲོལ་མང་ཚོགས་ཀྱི་འབབ་འཕར་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་། དབུལ་གྲོལ་མི་འབོར་གྱི་འབབ་འཕར་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་མང་དུ་གཏོང་ཐུབ་པར་བྱས་ཏེ། གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་རྒྱུན་མཐུད་སྲུང་ཐུབ་པར་བྱེད་ཀྱི་ཡིན།

    གཅིག་ནས་རང་འགུལ་ངང་འཆར་འགོད་བྱས་ཏེ་སྲིད་ཇུས་སློབ་སྦྱོང་དང་ལྗོངས་ཡོངས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་པ་དང་བོད་ཀྱི་དོན་དངོས་དང་འཚམ་པ། མང་ཚོགས་ཀྱི་རེ་འདུན་སྐོང་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་འཆར་འགོད་བྱས་ནས། རྫོང་ཚང་མར་དབྱེ་ཞིབ་ཞིབ་འཇུག་དང་། རྣམ་གྲངས་ཚང་མར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།  “རྫོང་རེར་ཐབས་ཇུས་རེ”དང“རྣམ་གྲངས་རེར་ཇུས་གཞི་ཆ་ཚང་རེའི”ཁ་གཏད་གཅོག་ཐབས་འདོན་པ་བཅས་བྱས་ནས། གཞི་གྲངས་ཁ་གསལ་བ་དང་། ལས་འགན་གྱི་དུས་ཚད་ཁ་གསལ་བ། བྱེད་ཐབས་ཞིབ་ཕྲ་གོ་ཆོད་ཐུབ་པ་བཅས་བྱེད་དགོས།

    གཉིས་ནས་རིམས་ནད་ཞི་ལྷོད་དུ་སོང་རྗེས་ལས་འགོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་ལས་དོན་ཚང་མ་སྔ་སྣུར་དུ་ཡག་པོ་བསྒྲུབས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་པའི་འགན་ལེན་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་པ་དང་། མིག་སྔར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བའི་རྫོང་དང་ཆུས་ཀྱིས་ཉེ་དུས་ཀྱི་བཀོད་གཏོང་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཙོ་གནད་རྫོང་དང་། ཆུས། གཙོ་གནད་རྣམ་གྲངས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཅུས་ཀྱི་འགོ་ཁྲིད་མི་སྣས་རུ་སྣེ་ཁྲིད་དེ་ལས་ཀར་ཞན་ཆ་ཡོད་པའི་ས་ཆ་དང་རྣམ་གྲངས་ཀྱི་འཐབ་ས་དང་པོར་ཐད་ཀར་བསྐྱོད་དེ་གཞི་རིམ་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་བྱེད་ཐབས་ལ་ཞིབ་འཇུག་དང་། འཕེལ་རིམ་ལ་དམ་འཛིན། རྒྱབ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།