དབུ་ཤོག>གསར་འགྱུར།
  • ལྷོ་ཁས་དྲ་ཐོག་དང་དྲ་ཕྱི་ཇུས་ཤུགས་མཉམ་འདོན་གྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-10

    ཉེ་དུས་རིམས་ནད་ཀྱི་མདུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས“དྲ་ཐོག་ནུས་འདོན་དང་དྲ་ཕྱིར་ནུས་གསོག”གི་སྤྱིའི་བསམ་ཕྱོགས་བཏོན་ཏེ་ལས་ཞུགས་བརྟན་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་ལས་བསྡུ་བྱེད་པ། སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་འགྱངས་འཇལ་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ལས་ཞུགས་བརྟན་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཤོར་འགན་བཅོལ་གྱི་ལས་ཞུགས་བརྟན་གཏོང་དང་། རྩལ་ནུས་མཐོར་གཏོང་། ལས་ཤོར་སྔོན་འགོག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ཞིབ་མཆན་མི་འགོད་པར་ལོངས་སྤྱོད་ཐུབ་པ་དང་། ཞིབ་བསྡུར་གྱིས་སྤྲོད་པ། དྲ་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། ཐད་ཀར་རྩིས་ཁྲར་འབྱོར་བ”བཅས་ཀྱི་སྒྲུབ་གཉེར་བྱེད་སྟངས་ལག་བསྟར་གྱིས་ཆ་རྐྱེན་དང་འཚམ་པའི་ཁེ་ལས་16ལ་ལས་གནས་བརྟན་གཏོང་གི་ཕྱིར་སྤྲོད་མ་དངུལ་སྒོར་ཁྲི་148.63ཐད་ཀར་ཕྱིར་སློག་དང་ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་ཏེ་གཞི་ཁྱོན་རང་བཞིན་གྱིས་ལས་ཤོར་གྱི་ཉེན་ཁ་སྔོན་འགོག་ཧུར་ཐག་བྱས་ཡོད།

    དྲ་རྒྱའི་ལས་བསྡུའི་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་ལས་གནས་མཐུན་སྒྲིག་ལམ་སྲོལ་བཙུགས་ཏེ་གྲོང་ཁྱེར་གྱི་རིམ་པ་འདི་ག་དང་རྫོང(ཆུས)12ལ་དྲ་ཐོག་གི་ལས་བསྡུའི་ཞབས་ཞུའི་བགྲོད་ལམ་ཤར་གཏོང་བྱས་ཡོད། ཟླ་8ཚེས་22ཉིན་ནས་བཟུང“‘ལས་གནས’ཀྱིས་ཁྱེད་སྒུག་པ་དང‘ཨང་རྟགས’ལ་བརྟེན་ནས་ལས་ཞུགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲ་རྒྱའི་ལས་བསྡུའི་བྱེད་སྒོ་ཐེངས་11སྤེལ་བ་དང་ལས་ཞུགས་ལས་གནས་16145ཁྱབ་བསྒྲགས་བྱས་པར་དྲ་ཐོག་ནས་ལས་ཀ་འཚོལ་མཁན་1325ཟིན་ཏེ་མི་732ཀྱི་ལས་ཞུགས་ཀྱི་འདོད་འདུན་གྲུབ་ཡོད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས“དྲ་ཕྱིར་མི་འདང་བ་དྲ་ཐོག་ཏུ་གསབ་པའི”བྱེད་ཐབས་སྤྱད་ནས་དྲ་ཐོག་གི་དྲིལ་བསྒྲགས་དང་། དྲ་ཐོག་ཏུ་ལས་གནས་མཁོ་འདོན། དྲ་ཐོག་ཏུ་ལས་བསྡུ། དྲ་ཐོག་ཏུ་རྒྱུགས་ལེན། དྲ་ཐོག་ཏུ་བསྡུ་སྤྱོད་བཅས་ཀྱི་ལྷུ་ཚིགས་ལྔར་དམ་འཛིན་ནན་པོ་བྱས་ཏེ་ལས་ཞུགས་མཛུབ་ཁྲིད་ཀྱི“དྲ་ཐོག་སློབ་ཁང”བཙུགས་ཤིང་། མིག་སྔར་དུས་ཐེངས་5སྤེལ་ཡོད། མིག་སྔའི་བར་གྲོང་ཁྱེར་དེའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་2288ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་55.6%ཟིན་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་དང་ཚོད་འཛིན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།