དབུ་ཤོག>གསར་འགྱུར།
  • དཀའ་ངལ་ཡོད་པའི་ལས་བཟོ་སོགས་ལ་འཚོ་བའི་ཁ་གསབ་དངུལ་སྤྲོད་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-01

    ཚེས་31ཉིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དབྱང་དབེན་ཞུང་གིས་ངོ་སྤྲོད་བྱས་དོན། རིམས་ནད་ཐོན་རིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་འཐབ་ས་དང་པོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་ལས་དོན་མི་སྣར་དོ་ཁུར་དང་འཚམས་འདྲི་བྱེད་པ་མ་ཟད། འཚོ་བར་དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་དང་རོགས་སྐྱོབ་ཀྱང་བྱེད་བཞིན་ཡོད་པ་རེད།

    微信图片_20220901191152.jpg

    དབྱང་དབེན་ཞུང་གིས་ངོ་སྤྲོད་བྱས་དོན། མིག་སྔའི་བར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེད་དངུལ་སྒོར་ཁྲི་200གཤམ་སྤྲོད་བྱས་པའི་ཐོག རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)རིམ་པ་གཉིས་ཀྱི་བཟོ་ཚོགས་ཀྱིས་ལྷན་སྦྱར་མ་དངུལ་བསྣན་པས་རིམ་རྩིས་བྱས་ན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2523.39གྲབས་གསོག་ཐུབ་ཅིང་། དེ་དག་རིམ་ཁག་བཟོ་ཚོགས་ཀྱིས་རིམས་འགོག་དངོས་རྫས་ཉོ་སྒྲུབ་དང་། འཐབ་ས་དང་པོའི་རིམས་འགོག་མི་སྣ་དང་ས་ཚིགས་སུ་འཚམས་འདྲིར་སྐྱོད་པ། དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་དང་རོགས་སྐྱོབ་བྱེད་པ་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་རེད།

    རིམས་ནད་ཐོན་རིང་། ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་འཚོ་བའི་ཁ་གསབ་དངུལ་མང་དུ་གཏོང་རྒྱུ་ཡིན་ཞིང་། ཆེད་སྤྱོད་རོགས་སྐྱོར་མ་དངུལ་གྱི་ནུས་པ་གང་ལེགས་བཏོན་ཏེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཡག་པོ་བྱས་པ་དང་ཆབས་ཅིག སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་བཏང་ནས་སྒོར་ཁྲི་153.9གྲབས་གསོག་བྱས་ཏེ་ལྗོངས་ཡོངས་ཀྱི་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་865ལ། དཀའ་ངལ་ཤིན་ཏུ་ཆེ་བའི་ལས་བཟོའི་ཁྱིམ་ཚང་རེར་སྒོར་2000དང་། བལྟོས་བཅས་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་རེར་སྒོར་1500 བསམ་ཡུལ་ལས་འདས་པའི་གནས་ཚུལ་གྱིས་དཀའ་ངལ་གྱི་གནས་སུ་ལྷུངས་པའི་ལས་བཟོའི་ཁྱིམ་ཚང་རེར་སྒོར་1000བཅས་ཀྱི་ཚད་གཞི་གཞིར་བཟུང་། འཚོ་བའི་ཁ་གསབ་དངུལ་མང་དུ་བཏང་སྟེ། རིམས་ནད་ཐོན་རིང་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་རྒྱུ་རེད།

    ཡིག་ཚགས་བཟོས་པའི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་ལ་སྟོན་དུས་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་ཡིན་ཞིང་། མིག་སྔར། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་གི་སློབ་རིམ་འཕར་བའི་གནས་ཚུལ་སྡོམ་རྩིས་བྱེད་བཞིན་ཡོད་ཅིང་། མཐོ་རིམ་སློབ་གསོའི་དུས་མཚམས(ཞིབ་འཇུག་སློབ་མ་ཚུད་པ)དང་དེ་བཞིན་དམིགས་བསལ་སློབ་གསོ་དང་ལེན་བྱེད་མཁན་གྱི་ལྗོངས་ནང་ཁུལ་གྱི་སློབ་མ་རེར་ལོ་རེར་སྒོར་9000ལས་མི་བརྒལ་བ་དང་། ལྗོངས་ཕྱིའི་སློབ་མ་རེར་ལོ་རེར་སྒོར་12000ལས་མི་བརྒལ་བའི་ཚད་གཞི་གཞིར་བཟུང་། སློབ་ཆེན་ལ་རྒྱུགས་འཕྲོད་མ་ཐག་པའི་ལྗོངས་ཡོངས་ཀྱི་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་ཚོར་སློབ་སྐྱོར་རོགས་དངུལ་སྤྲད་ནས། ཁོ་ཚོར་སློབ་རིམ་འཕར་བའི་ཕུགས་འདུན་འགྲུབ་རོགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།