དབུ་ཤོག
  • རིམས་ནད་ཐོན་རིང་ཁྱིམ་ཚང་གི་གཙང་སྦྲ་དང་དུག་སེལ་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-01

    ཁྱིམ་དུ་གཙང་སྦྲ་དང་དུག་སེལ་བྱེད་སྐབས“གཙང་སྦྲ་གཙོ་བོ་དང་དུག་སེལ་ཕལ་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་ཐོག་མར་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡང་སེ་ཡོང་བར་བྱེད་པ་དང་ཉིན་རེར་ཐེངས་གཉིས་རེ་ཕྱེ་དགོས་པ་དང་ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཕྱེ་དགོས། དེ་ནས་ཁྱིམ་གྱི་དངོས་རྫས་ཆུ་འཁོལ་ནང་སྦོང་བའམ་ཉི་སྐམ་གཏོང་བ་སོགས་དངོས་ལུགས་ཀྱི་ཐབས་ཤེས་སྤྱད་ནས་དུག་སེལ་བྱེད་པའམ་ཡང་ན་དགོས་མཁོ་ལྟར་རྫས་འགྱུར་དུག་སེལ་སྨན་ཆུ་འཚམ་པོ་བདམས་ནས་ས་ངོས་དང་དངོས་རྫས་སོགས་ཀྱི་ཕྱི་ངོས་སུ་གཏོར་བའམ་ཡང་ན་སྦངས་ནས་དུག་སེལ་བྱེད་དགོས། དུག་སེལ་གཤེར་ཁུ་དེ་ངེས་པར་དུ་གསལ་བཤད་ཡི་གེ་ལྟར་བསྲེས་སྦྱོར་འོས་འཚམ་བྱེད་དགོས། གལ་ཏེ་མང་དྲགས་ན་བདེ་ཐང་ལ་གནོད་འཚེ་བཟོ་སྲིད། རྒྱུན་དུ་སྤྱོད་པའི་ཁྲུན་རིགས་ཀྱི་དུག་སེལ་སྨན་ཆུ(དཔེར་ན་75%ཡི་ཅིའུ་ཅིང་སོགས)ནི་སྤྱིར་ན་ལག་པ་དང་། པགས་པ། དངོས་པོ་ཆུང་ངུ(ལག་ཁྱེར་ཁ་པར་དང་ལྡེ་མིག་སོགས)སོགས་ཀྱི་ཕྱི་ངོས་སུ་དུག་སེལ་བྱེད་པར་སྤྱོད་པ་དང་ཐེངས་གཅིག་ནས་གཉིས་བར་ཕྱིས་ན་ཆོག གཏོར་ཚད་མང་དྲགས་ན་འབར་བའི་ཉེན་ཁ་ཡོད། ཅིའུ་ཅིང་མ་འཕྲོད་མཁན་གྱིས་སྤྱོད་སྐབས་གཟབ་ནན་བྱེད་དགོས། ཁིལ་ལྡན་དུག་སེལ་སྨན་ཆུ(དཔེར་ན་84དུག་སེལ་སྨན་ཆུ་སོགས)ནི་རྒྱུན་དུ་སྒྲོག་ཙེ་དང་རྐུབ་སྟེགས་སོགས་ཀྱི་ཕྱི་ངོས་སུ་ཕྱིས་པ་དང་ས་ངོས་སུ་གཏོར་བར་སྤྱོད་ཀྱི་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ་ཁིལ་ལྡན་དུག་སེལ་སྨན་ཆུ་དེ་འདག་རྫས་གཞན་དང་བསྲེས་ནས་སྤྱོད་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།