“དེང་གི་འཛམ་གླིང་དུ་མིའི་རིགས་ལ་གནམ་གཤིས་འགྱུར་ལྡོག་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་མཆེད་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་འཕྲད་པ་དང་། ས་ཁུལ་དབར་གདོང་ཐུག་ཐོན་མང་བ་དང་འཛམ་གླིང་ཞི་བདེ་དེ་ཙམ་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིཌ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད” ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཕན་ཅི་ཝུན་གྱིས་ཧྲོའར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་དང་མིའི་རིགས་ཀྱི་འབྱུང་འགྱུར་གྱི་ལས་དབང་ཐད་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པོ་འདུག་ཅེས་ཚད་མཐོའི་གདེང་འཇོག་བྱས་པ་རེད།
2015ལོའི་ཟླ་9པར། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་འཁུར་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས་70པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ནས《ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་གསར་པ་གཏོད། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། ད་བར་ཕན་ཅི་ཝུན་ལ་དེའི་ཐད་སྔར་བཞིན་བག་ཆགས་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཕན་ཅི་ཝུན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཕུགས་འདུན་འདི་འདྲ་ཞིག་ནན་བཤད་གནང་བ་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མར་བློ་སྒོ་འབྱེད་པ་དེ་རེད་ཅེས་བརྗོད།
འདི་ལོ་ལོ་78ལ་སླེབས་པའི་ཕན་ཅི་ཝུན་གྱིས་2007ལོ་ནས་2016ལོ་བར་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་དྲུང་ཆེ་ཨང་བརྒྱད་པའི་འགན་འཁུར་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕན་ཅི་ཝུན་དབར་མཇལ་འཛོམས་ཐེངས་མང་གནང་མྱོང་ཡོད།
ཕན་ཅི་ཝུན་གྱི་སེམས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་ནི་གཟིཌ་རྒྱང་རིང་བའི་འགོ་ཁྲིད་པ་ཞིག་ཡིན་པ་དང་འབྱུང་འགྱུར་གསལ་པོ་རྟོགས་མཁན་ཞིག་ཀྱང་རེད། ཁོང་གིས“ང་ཚོ་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། དེར་ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་དང་འོས་འཚམ་གྱི་འདུ་ཤེས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ང་ཚོས་འཛུགས་སྐྲུན་ཧུར་ཐག་བྱེད་པའི་འཛམ་གླིང་ཞིག་མ་རེད་དམ”ཞེས་བརྗོད་པ་རེད།
ཕན་ཅི་ཝུན་གྱིས“མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ས་གནས་ཁག་ཏུ་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡོད” ཀྲུང་གོས་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ལ་གཞོལ་བཞིན་ཡོད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་ཕུགས་བསམ་དང་གཅིག་མཚུངས་རེད་ཅེས་བརྗོད།
ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་བཀོད་སྒྲིག་བྱས་པའི་ས་ཁུལ་དུ་རྟག་ཏུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མི་མཐོང་རྒྱུ་ཡོད་པས“ཁོང་ཚོར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད་པ་རེད།
ཕན་ཅི་ཝུན་གྱིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་བདེ་བླག་ངང་ལག་བསྟར་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ལ་འགག་རྩའི་ནུས་པའང་འདོན་སྤེལ་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”
ཕན་ཅི་ཝུན་གྱིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་གཞན་ཞིག་ཕུལ་བ་དེ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཆོད་སེམས་ཆེན་པོ་དང་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་བ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།