དབུ་ཤོག>གསར་འགྱུར།
  • “འདུ་འགོད་ཁག་དགུ”ལ་བརྟེན་ནས་ཧྥེ་ཀྲུང་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབང་ཕིང་།   |     སྤེལ་དུས།  2022-08-26

    ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་མོ་ཉི་ཁེ·ཨེན་སང་ཀྲ་པ་ཀན་ཝས་ཉིན་ཤས་གོང་ཨེ་ཏི་སི་ཨ་པ་པར་གནས་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི“འདུ་འགོད་ཁག་དགུ”སོགས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པའི་གྲུབ་འབྲས་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་ཚད་མཐོའི་གཅིག་མཐུན་བྱུང་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཕྱོགས་ཀུན་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།

    ཨེན་སང་ཀྲ་པ་ཀན་ཝས“འདུ་འགོད་ཁག་དགུ”དང་འབྲེལ་བ་ཡོད་པའི་རྣམ་གྲངས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》ནང་བཏོན་པའི་ཨ་ཧྥེ་རི་ཁ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་འབྲེལ་ཡོད་ཞིབ་ཕྲའི་ཁྱབ་ཁོངས་དང་ནང་དོན་གཅིག་མཚུངས་ཡིན་པས། རྣམ་གྲངས་དེ་དག་ལ་ཕྱོགས་གཉིས་པོས་རེ་བ་ཆེན་པོ་བཅོལ་ཡོད།“‘འདུ་འགོད་ཁག་དགུ’ནི་མི་དམངས་ལྟེ་བར་འཛིན་པའི་འཆར་གཞི་ཞིག་དངོས་འབྲེལ་ཡིན་པས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཨེན་སང་ཀྲ་པ་ཀན་ཝས“སྨན་བཅོས་མཉམ་ལས་ལ་ཆ་མཚོན་ན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་མཐུན་སྒྲིལ་ངང་རིམས་ནད་འགོག་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཨ་ཧྥེ་རི་ཁར་རིམས་ནད་ཐོན་མ་ཐག་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་འགོ་ཚུཌ་པ་མ་ཟད། ད་དུང་རིམས་ནད་ལ་ཁ་གཏད་གཅོག་པའི་ཨ་ཧྥེ་རི་ཁའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རོཌ་བྱས་པ་དང་ཨ་ཧྥེ་རི་ཁའི་སྨན་རྫས་དང་། རིམས་འགོག་སྨན་ཁབ་དང་འགོག་སྲུང་སྒྲིག་ཆས་སོཌ་སྨན་བཅོས་དངོས་རྫས་བཟོ་ལས་ཅན་གྱི་ཐོན་སྐྱེད་ལ་རོགས་རམ་བྱས་ཡོད”ཅེས་བརྗོད།

    ཨེན་སང་ཀྲ་པ་ཀན་ཝར་མཚོན་ན།དབུལ་པོ་ཉུང་གཏོང་དང་ཞིང་ལས་མཉམ་ལས་དེའང“འདུ་འགོད་ཁག་དགུ”དང་འབྲེལ་བ་ཡོད་པའི་སྔོན་ལ་ལག་ལེན་བསྟར་བའི་བྱ་བ་ཆེན་པོ་ཞིག་རེད། ཁོང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཀྲུང་གོའི་དབར་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞིང་ལས་དང་འབྲུ་རིགས་ཐོན་སྐྱེད་ལ་མགྱོགས་མྱུར་སྐུལ་འདེད་ཇི་ལྟར་གཏོང་བ་དང་འབྲེལ་བ་ཡོད། དེང་སྐབས་འཛམ་གླིང་ཐོག་འབྲུ་རིགས་མཁོ་སྤྲོད་བྱེད་མཚམས་ཆད་པ་དང་འབྲུ་རིགས་ཟོག་འགྲེམས་ཐབས་ལམ་བགོ་བཤའ་དོ་སྙོམས་མེད་པའི་མི་མངོན་པའི་ཉེན་ཁ་འཕྲད་ཡོད། “དེ་ནི་ཉེན་བརྡ་ཞིག་ཡིན་པས་ཨ་ཧྥེ་རི་ཁས་ངེས་པར་དུ་འབྲུ་རིགས་རང་མཁོ་རང་གསོའི་གནད་དོན་ལ་བསམ་གཞིག་བྱེད་དགོས”ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཞིང་ལས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་འདོད་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

    ཨེན་སང་ཀྲ་པ་ཀན་ཝས་དེ་དང་དུས་མཚུངས་ཀྲུང་གོས་དབུལ་པོ་ཉུང་གཏོང་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པ་རེད། “དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྐུལ་འདེད་བཏང་བ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་བྱེད་ཐབས་ལ་སློབ་སྦྱོང་བྱས་ཏེ་དབུལ་པོ་ཉུང་དུ་བཏང་ནས་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་བཞིན་ཡོད”ཅེས་བརྗོད་པ་དང་ཁོང་གིས་ཀྲུང་གོའི་ཉམས་མྱོང་ལ་དཔེ་བལྟས་པ་བརྒྱུད་ཞིང་ལས་དང་། ཁེ་ལས་འབྲིང་ཆུང་། གྲངས་འཛིན་ཅན་སོགས་ཁྱབ་ཁོངས་ཀྱི་ཨ་ཧྥེ་རི་ཁའི་འཕེལ་ཕྱོགས་ཡག་པོ་ཡོད་པ་མ་ཟད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།