དབུ་ཤོག>གསར་འགྱུར།
  • པེར་ཀྲེམ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས“གོ་གཉིས་གཅིག་མཐུན་ངོས་འཛིན”གྲུབ་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-08-26

    ཚེས་23ཉིན། པེར་ཀྲེམ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་པེར་སེ་ལེར་བཞུཌ་མོལ་ཚོགས་འདུ་འཚོཌ་ནས“གོ་གཉིས་གཅིག་མཐུན་ངོས་འཛིན”གྲུབ་ནས་ལོ་30འཁོར་བར་དྲན་གསོ་ཞུས་པ་རེད།

    པེར་ཀྲེམ་གྱི་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཀྲུའུ་ཧའེ་ཨན་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་སྐབས་ལོ་30ཡི་རིང་གི་ལག་ལེན་ལས“གོ་གཉིས་གཅིག་མཐུན་ངོས་འཛིན”ནི་ངོགས་གཉིས་ཀྱི་འབྲེལ་བའི་མཚོ་རྟེན་ཀ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་པའི་འགག་རྩ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་དང་བླ་ན་མེད་པའི་འགན་འཁྲི་ཡིན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡིན་དགོས་ལ་གཅིག་གྱུར་ཡོང་ངེས་ཡིན་པས། རྒྱལ་ཁབ་གང་འདྲ་ཞིག་དང་། མི་སུ་འདྲ་ཞིག ཕྱོགས་གཏོགས་གང་འདྲ་ཞིག་བཅས་ཀྱིས་ཀྱང་ཀྲུང་གོ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་སྔ་ཙམ་མངོན་འགྱུར་ཐུབ་རྒྱུར་བཀག་འགོག་བྱེད་མི་ཐུབ་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།