དབུ་ཤོག>གསར་འགྱུར།
  • གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཕྱི་ནས་མ་འགོ་བའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    རང་ལྗོངས་སུ་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་མདུན་དུ་བསྐྱོད་པ་དང་རང་འགུལ་ངང་དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུས་པ་དང་། ལས་དོན་སྤེལ་ཡུལ་སོགས་ཀྱི་གཙོ་གནད་ས་ཁོངས་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགན་འཁྲི་དང་འགན་འཁུར་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། མཐའ་མཚམས་ཀྱི་ཕྱི་ནས་མ་འགོ་བའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་འགག་སྒོའི་གཏན་འཁེལ་ས་ཁོངས་ཀྱི་དོ་དམ་ནན་དུ་བཏང་སྟེ། ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོའི་གཏན་འཁེལ་ས་ཁོངས་ཀྱི་ལས་དོན་མི་སྣའི་ཐོབ་ཐང་ཞིབ་དཔྱད་དང་། རྟགས་བཤེར་ཐོ་འགོད། ཚ་བ་བལྟ་བ། ཁ་རས་རྒྱག་པ་སོགས་ཀྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཉིན་ལྟར་འགག་སྒོའི་ལས་སྒྲུབ་བྱ་ཡུལ་དང་སྒར་ཁུལ་དུ་ཁུག་ཆ་མ་ལུས་པར་རིམས་འགོག་དུག་སེལ་བྱས་ཡོད། དེ་དང་ཆབས་ཅིག་ཞིབ་བཤེར་ས་ཚིགས་ཀྱིས་ད་དུང“མི་རྒྱུ་དངོས་གསུམ་ཐད་ནས་འགོག་པའི”ཕྱོགས་གསུམ་གཞི་གཅིག་གི་བྱེད་ཐབས་སྣ་མང་ནུས་ཤུགས་ཡོད་རྒུས་སྤྱོད་པ་དང་། མཐའ་མཚམས་ཞིབ་བཤེར་དང་བརྙན་ལམ་སྐོར་ཞིབ་བྱེད་པ། མཐའ་མཚམས་ཀྱིས་ཁྲིམས་འགལ་ངང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་པ་དང་དེ་བཞིན་རིམས་ནད་ཀྱི་དམིགས་བསལ་དུས་སྤྱད་ནས་ལྐོག་འཚོང་བྱེད་སྤྱོད་སྤེལ་རིགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། འགག་སྒོའི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས། འགག་སྒོའི་བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།