དབུ་ཤོག
 • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་30པ།

 • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-24

  ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

  【2022】ཡིག་ཨང་30པ།

  དང་པོ། ནད་དུག་འགོས་མཁན་ཁྱབ་ཚུལ།

  ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་ནད་དུག་འགོས་པ་197མང་དུ་ཕྱིན་པའི་ནང་གཏན་འཁེལ་ནད་དཔེ་10དང་རྟགས་མེད་ནད་དུག་འགོས་པ་187ཡོད་པ་ལས།

  (གཅིག) ཁྲེང་ཀོན་ཆུས(རིག་གནས་བསམ་བཀོད་གླིང་ཚུད་པ)སུ་ཉིན་དེ་རང་དུ་ནད་དཔེ་110(གཏན་འཁེལ་ནད་དཔེ་9དང་རྟགས་མེད་ནད་དུག་འགོས་པ་101)མང་དུ་ཕྱིན་པ།

  (གཉིས) སྟོད་ལུང་བདེ་ཆེན་ཆུས་སུ་ཉིན་དེ་རང་དུ་ནད་དཔེ་2(རྟགས་མེད་ནད་དུག་འགོས་པ་2)མང་དུ་ཕྱིན་པ།

  (གསུམ) མལ་གྲོ་གུང་དཀར་རྫོང་དུ་ཉིན་དེ་རང་དུ་ནད་དཔེ་13(རྟགས་མེད་ནད་དུག་འགོས་པ་13)མང་དུ་ཕྱིན་པ།

  (བཞི) ཆུ་ཤུར་རྫོང་དུ་ཉིན་དེ་རང་དུ་ནད་དཔེ་54(གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་53)མང་དུ་ཕྱིན་པ།

  (ལྔ) འདམ་གཞུང་རྫོང་དུ་ཉིན་དེ་རང་དུ་ནད་དཔེ་18(རྟགས་མེད་ནད་དུག་འགོས་པ་18)མང་དུ་ཕྱིན་པ།

  གཉིས་པ། ཉེན་ཁའི་ཁུལ་དབྱེ་བ།

  ཉེན་ཁ་ཆེ་འབྲིང་ཁུལ་དབྱེ་བའི་ཚད་གཞི་དང་ནད་དུག་འགོས་མཁན་གྱི་སྒུལ་སྐྱོད་གནས་ཚུལ་ལ་གཞིགས་ནས། ཟླ་8ཚེས་23ཉིན་གྲོང་ཁྱེར་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་268དང་ཉེན་ཁ་འབྲིང་བའི་ཁུལ་66དབྱེ་ཡོད། ཟླ་8ཚེས་24ཉིན་ནས་བཟུང་ཆུ་མིག་ལམ་དུ་ཡོད་པའི་ཁྲེང་ཀོན་ཆུས་ཅིན་ཧའོ་གསོལ་མགྲོན་ཁང་དང་། ནུབ་ཁུལ་ལས་ཤག་སྟར་པ་6པའི་ཚན་པ་དང་པོ། སྟོད་ལུང་བདེ་ཆེན་ཆུས་ཐན་ཀྲི་ལུང་ཤིས་ཁུལ་ཆུང་བཅས་ཉེན་ཁ་ཆེ་བའི་ཁུལ་3ཉེན་ཁ་འབྲིང་བའི་ཁུལ་ལ་ཕབ་ཡོད། ཁྲེང་ཀོན་ཆུས་ཀུན་བདེ་གླིང་མཁའ་ཁྲོམ་ཐོག་སོ་གསུམ་པའི་ཀུའེ་ཀོ་ཚྭ་སྦྱངས་ཤ་སྒྲིལ་དང་། དོག་སྡེ་ལམ་སྒོ་རྟགས་45པ། བོད་ལྗོངས་སློབ་ཆེན་འགུ་རུ་ཟམ་པའི་སྲེག་ཟས་ཁང་། སྣེའུ་དབན་ཏ་ཚོང་རའི་ཅི་ཡོན་སྲེག་ཟས་ཁང་། ཆུ་ཤུར་གྲོང་རྡལ་ཆུ་ཕུ་ལམ་བདེ་སྐྱིད་སྤྲོ་གསེང་གྲོང་ཚོ་བཅས་ཉེན་ཁ་འབྲིང་བའི་ཁུལ་5ཉེན་ཁ་ཆུང་བའི་ཁུལ་དུ་ཕབ་ཡོད།

  ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

  2022ལོའི་ཟླ་8ཚེས་24ཉིན།

  འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།