དབུ་ཤོག>གསར་འགྱུར།
  • རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-17

    མིག་སྔར། རང་ལྗོངས་ཀྱི་རིམས་ནད་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་ཞིང་། སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་ཆེས་འགག་རྩའི་དུས་སྐབས་དང་ཆེས་འགངས་ཆེའི་དུས་སྐབས་སུ་སླེབས་ཡོད་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་བྱས་ཏེ། དམག་འཐབ་བྱེད་ཕོད་པ་དང་རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅངས་ནས་དམག་འཐབ་ཆེན་པོ་དང་དམག་འཐབ་དྲག་པོ་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས།

    ཡིད་ཆེས་དང་ཆོད་སེམས་དེ་ཐུགས་ཁུར་ཟབ་མོ་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་ཞིང་། རིམས་ནད་བྱུང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་མར་ལས་དོན་ཚོགས་ཆུང་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དེ་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་མཚོན་པ་མ་ཟད། ད་དུང་ང་ཚོས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་ལས་ཆེ་རུ་ཕྱིན་ཡོད།

    ཡིད་ཆེས་དང་ཆོད་སེམས་དེ་ལམ་ལུགས་ཀྱི་ཟིལ་ཤུགས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་ལས་བྱུང་ཞིང་། ཉིན་ཤས་བསྟུད་མར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་དོན་དཔུང་ཁག་མང་པོ་ཞིག་གིས་ཉིན་མཚན་བསྟུད་མར་བོད་ལ་རོགས་སྐྱོར་བྱེད་པར་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་འདུས་པའི་དངོས་ཟོག་རྒྱུན་ཆད་མེད་པར་ས་མཐོར་དབོར་བ། “བོད་ལྗོངས་ཤུགས་རྒྱོབ”དང“གངས་ལྗོངས་ཁམས་བཟང”ལ་སོགས་པའི་སྨོན་འདུན་དང་སྐུལ་འདེབས་རྒྱ་ཁྱབ་ཏུ་སྤེལ་བ་སོགས་ལས། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དཔག་མེད་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མཛའ་བརྩེའི་གཟི་བརྗིད་སྲོལ་རྒྱུན་མཚོན་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ཡོད།

    ཡིད་ཆེས་དང་ཆོད་སེམས་དེ་སྟོབས་ཤུགས་གཅིག་སྒྲིལ་དང་སྐུལ་འདེད་ཏན་ཏིག་བཏང་བ་ལས་བྱུང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་བྱེད་པ་དེ། ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་སྟེ། འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱོད་པ་དང་ཚན་རིག་དང་མཐུན་པའི་ངང་ཁ་གཏད་བཅག་ནས་མགྱོགས་པོ་དང་། ནན་པོ། ཛ་དྲག ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    “རིམས་ནད”དང་འཐབ་པའི་དུང་བརྡ་བཏང་ནས་ཞུམ་མེད་མདུན་སྐྱོད་ཀྱི་སྐུལ་མ་བཏང་བས་དམག་འཐབ་འདིའི་རྒྱལ་ཁ་ང་ཚོར་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།