དབུ་ཤོག>གསར་འགྱུར།
  • སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཚན་རིག་དང་མཐུན་པ་དང་། གནད་ལ་སྨིན་པ། ནུས་པ་ཆེ་བ་བཅས་ཡོང་རྒྱུ་བརྩོན་ལེན་གང་ཐུབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-16

    རིམས་ནད་འགོག་བཅོས་ནི་དམག་འཐབ་ཆེན་པོ་ཞིག་རེད་ལ་ཚོད་བགམ་ཆེན་པོ་ཞིག་ཀྱང་རེད། ཚོད་བགམ་བྱེད་པ་ནི་རྣམ་པར་རྒྱལ་ངེས་ཀྱི་ཆོད་སེམས་དང་སྙིང་སྟོབས་རེད་ལ། ཁ་གཏད་གཅོག་སྟངས་དང་གཅོག་ཐབས་ཀྱང་རེད། ཚན་རིག་དང་མཐུན་པ་དང་། གནད་ལ་སྨིན་པ། ནུས་པ་ཆེ་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་ལ་བརྩི་འཇོག་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་ཆེད་ལས་ཅན་དང་ཚན་རིག་ཅན་ལ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ན། གཞི་ནས་མགྱོགས་མྱུར་དང་། ནུས་ལྡན་བརྟན་པོའི་ངང་ཚོད་འཛིན་བྱེད་ཐུབ་པ་དང་མྱུར་ཚད་མགྱོགས་ཤོས་དང་། དུས་ཚོད་ཐུང་ཤོས། བློས་གཏོང་ཆུང་ཤོས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ།

    སྔོན་འགོག་དང་ཚོད་འཛིན་ཇི་ཙམ་ཚན་རིག་དང་མཐུན་པ་དང་གནད་ལ་སྨིན་པ་དང་། བྱ་ཐབས་ཇི་ཙམ་ཞིབ་ཅིང་ཕྲ་ལ་གནད་ལ་འཕིགས་པ། ཐག་གཅོད་ཇི་ཙམ་མགྱོགས་ཅིང་མྱུར་ལ་ནུས་པ་ཆེ་བ་བཅས་བྱུང་ཚེ། ང་ཚོས་དེ་ཙམ་གྱིས་རིམས་འགོག་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་ཐུབ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ནད་ཡམས་རིག་པའི་བརྟག་དཔྱད་གྲལ་བཤེར་དང་། ལོགས་འཇོག་དོ་དམ་ཚོད་འཛིན། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན། ནད་ཐོག་སྐྱོབ་བཅོས་སོགས་རྒྱུན་འཁོར་ཧྲིལ་པོར་ཚན་རིག་དང་མཐུན་པ་དང་། གནད་ལ་སྨིན་པ། ནུས་པ་ཆེ་བ་བཅས་མངོན་པར་བྱེད་དགོས།

    ཚན་རིག་དང་མཐུན་པ་དང་། གནད་ལ་སྨིན་པ། ནུས་པ་ཆེ་བ་བཅས་ཀྱི་སྒོ་ནས་རིམས་འགོག་བྱེད་པར“སྔ་ཙམ”ནས་ཤེས་རྟོགས་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། “དུས་ཐོག་ཤེས་རྟོགས་དང་། མགྱོགས་མྱུར་ཐག་གཅོད། གནད་སྨིན་དོ་དམ། སྐྱོབ་བཅོས་ནུས་ལྡན”བཅས་ཀྱི་ལས་ཀའི་བླང་བྱ་དང“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས”བཅས་ཀྱི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་། མི་དང་། དངོས་པོ། ཁོར་ཡུག་བཅས་ཀྱི་མཉམ་འགོག་མཐའ་འཁྱོངས་ཀྱིས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། སྐྱོན་ཆ་གནད་ལ་སྨིན་པ་འཚོལ་བ་དང་། ཞན་ཆ་གང་མགྱོགས་བསལ་ནས་ཕྱི་ནས་མི་འགོ་བ་བྱ་རྒྱུ་དང་། ནང་དུ་བསྐྱར་ལོག་མི་ཡོང་བ་བྱ་རྒྱུ། ཕྱིར་མ་མཆེད་སྔོན་འགོག་བཅས་ལ་དམ་འཛིན་ནན་ཏན་དང་ཏན་ཏིག་བྱེད་དགོས།

    ཚན་རིག་དང་མཐུན་པ་དང་། གནད་ལ་སྨིན་པ། ནུས་པ་ཆེ་བ་བཅས་ཀྱི་སྒོ་ནས་རིམས་འགོག་བྱེད་པར་ད་དུང“མགྱོགས་ཚད”སྔར་བས་མྱུར་དུ་གཏོང་དགོས་ཤིང་། ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་། སྒྱུར་སྐྱེལ་ལོགས་འཇོག་སོགས་ལས་ཀའི་ལས་ཕྱོད་སྔར་བས་ཆེ་རུ་བཏང་སྟེ། དམིགས་བྱའི་མི་ཚོགས་མགྱོགས་མྱུར་དང་གནད་ལ་འཁེལ་པོས་གཏན་འཁེལ་དང་། འགྲོ་སྐྱོད་རྗེས་ཤུལ་རྩད་གཅོད། འགོས་ཁྱབ་བརྒྱུད་རིམ་གསལ་རྟོགས་བཅས་བྱེད་དགོས་པ་དང་། གོ་རིམ་ལྡན་པ་དང་ནུས་པ་ཆེ་བའི་སྒོ་ནས་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ། བརྟག་དཔྱད་བྱེད་དགོས་རིགས་ཚང་མ་བརྟག་དཔྱད་དང་། དུད་ཚང་གཅིག་ཀྱང་མི་ལུས་པ། མི་གཅིག་ཀྱང་མི་ཆད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། གཙོ་གནད་ཁོངས་གཏོགས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། ས་ཁོངས་དང་རིམ་པ་ཕྱེ་ནས་གནད་སྨིན་དོ་དམ་ཚོད་འཛིན་གྱིས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས“ནད་དུག་གི་སྔོན་ལ་སླེབས”ཐུབ་པར་བྱེད་དགོས།

    མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཅིང་། ཇི་ཙམ་འགག་རྩའི་དུས་སུ་སླེབས་ཚེ་དེ་ཙམ་གྱིས་འཐབ་ཇུས་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་གཅོད་དང་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་དགོས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གནད་སྨིན་གཅིག་སྡུད་དང་། གནད་སྨིན་ཤེས་རྟོགས། གནད་སྨིན་ཐག་གཅོད་བཅས་བྱས་ཏེ། དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་ཏན་དང་ཏན་ཏིག་བྱས་ཚེ། རིམས་ནད་སྔ་ཙམ་མཐིལ་རྟོགས་དང་སྔ་ཙམ་གཙང་བཟོ་ཐུབ་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།