དབུ་ཤོག
  • ​ཁྱིམ་ཚང་དུ་དུག་སེལ་བྱེད་སྐབས་ནོར་འཛོལ་འདི་དག་མི་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-15

    དངོས་རྫས་དུག་སེལ་བྱས་རྗེས་གཙང་འཁྲུ་མི་བྱེད་པ།

    དུག་སེལ་སྨན་རྫས་ཀྱིས་ཅ་དངོས་ལ་ཟད་སྐྱོན་བཏང་བ་དང་ལྷག་པར་དུ་ལྕགས་རིགས་དེ་བས་ཟད་སླ་བ་ཡོད་པས་མིའི་གཟུགས་པོར་གནོད་པ་ཡོད། དུག་སེལ་སྨན་རྫས་སྤྱད་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཆུ་གཙང་མས་དངོས་པོའི་ཕྱི་ནང་གཉིས་ཀ་ཕྱིས་དགོས།

    དུག་སེལ་སྨན་ཆུ་འཇོག་སྟངས་ལུགས་མཐུན་མེད་པ།

    རྫས་འགྱུར་དུག་སེལ་སྨན་ཆུ་མང་ཆེ་བ་འབར་སླ་བ་དང་། གས་སླ་བ། ཟད་སླ་བ་བཅས་ཀྱི་དངོས་རྫས་ཀྱི་ཁོངས་སུ་གཏོགས་པས་ཉར་ཚགས་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་བདེ་འཇགས་ལ་དོ་སྣང་བྱེད་དགོས། དུག་སེལ་སྨན་ཆུ་ཐེངས་རེར་མང་པོ་ཉོ་རྒྱུ་མེད། དུག་སེལ་སྨན་ཆུ་བླུག་སྣོད་ཀྱི་ཁ་གཅོད་ངེས་པར་དུ་དམ་པོ་རྒྱག་དགོས། ཤེལ་དམ་རེའི་ནང་ཧའོ་ཧྲེང་500ལས་བརྒལ་མི་རུང་། འོད་དང་ཚ་དྲོད་ཆེ་སར་མི་འཇོག་པར་བསིལ་སར་བཞག་སྟེ་བྱིས་པས་རེག་མི་ཐུབ་པའི་འགན་ལེན་བྱེད་དགོས། དུག་སེལ་ཐད་སྤྱོད་པའི་ཕྱིས་རས་སམ་ཡང་ན་ཅ་དངོས་གཞན་དག་བེད་སྤྱོད་བྱས་རྗེས་ཆུ་གཙང་མས་བཀྲུས་ནས་རླུང་འགྲོ་སར་བཞག་སྟེ་སྐམ་དགོས།

    (ནང་དོན་འདི་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ནས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།