དབུ་ཤོག>གསར་འགྱུར།
  • རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-14

    མིག་སྔར། རང་ལྗོངས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚོད་བགམ་དྲག་པོ་འཕྲད་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། འགག་རྩའི་དུས་སུ་ཇི་ཙམ་སླེབས་པ་དེ་ཙམ་གྱིས་ཕྲག་ཐོག་གི་འགན་འཁྲི་ལྕི་བ་མ་ཟད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ། དུས་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། 

    རྟ་ཕོ་ལེགས་ཉེས་རྒྱུག་ཤར་གློད་དུས་ཤེས། བློ་རྩ་བརྟན་མིན་ཉེན་ཁའི་དུས་སུ་ཤེས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོའི་ཚོད་བགམ་ཁྲོད། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་འཇོག་པ། འགག་སྒྲོལ་དཀའ་སེལ་བཅས་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ། རང་རྟོགས་ངང“དཔེ་སྟོན་དྲུག”ལག་ལེན་བསྟར་ནས་བྱ་ཐབས་ནན་ཤོས་དང་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ཏེ་ལྷུ་ཚིགས་ཁག་འཁོར་རྒྱུག་ནུས་ལྡན་དང་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། ཞིབ་བཤེར་བྱེད་དགོས་རིགས་ཞིབ་བཤེར་དང་། ལོགས་འཇོག་བྱེད་དགོས་རིགས་ལོགས་འཇོག སྨན་ཁང་སྒྱུར་དགོས་རིགས་སྨན་ཁང་སྒྱུར་བ། སྨན་བཅོས་བྱེད་དགོས་རིགས་སྨན་བཅོས་བྱེད་པ། དངོས་ཟོག་འགན་ལེན། གླེང་ཕྱོགས་ཀྱི་ཁྲིད་སྟོན་སོགས་ཕྱོགས་ཁག་གི་ནུས་པ་ཆེ་རུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་མི་དང་ལས་གནས་ཐོག་དོན་འཁྱོལ་བྱེད་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་སྲུང་བྱེད་དགོས།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་ཕན་འབྲས་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཞིབ་དཔྱད་དང་མངོན་པར་བྱེད་དགོས་པ་དང་། སྲ་བརྟན་རིམ་སྤོར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་པ་དང་། ལྷག་པར་དུ་གཞི་རིམ་ལས་བྱེད་པའི་ལས་ཀའི་གནོན་ཤུགས་ཆེ་བ་དང་ལས་ཀ་དཀའ་ཚེགས་ཆེན་པོ་ཡོད་པས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་བྱས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་འཁུར་མཁན་ལ་རྒྱབ་སྐྱོར་དང་འབད་འཐབ་བྱེད་མཁན་ལ་ཤུགས་རྒྱག་རོགས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་དཀའ་ངལ་ལ་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་པ། ལེགས་སྐྱེས་འབུལ་བ། བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་ལས་བྱེད་པ་བློ་ཁོག་ཆེན་པོས་འདེམས་སྤྱོད་དང་། གཅིག་གྱུར་བཀོད་འདོམས་ལ་མི་ཉན་པ་དང་། འགན་འཁྲི་འཁུར་མི་ཕོད་པ། སྤྱོད་ཚུལ་ལེགས་པོ་མེད་པ། བྱ་སྤྱོད་སྤེལ་འགོར་བ། དོན་འཁྱོལ་ཡག་པོ་མི་བྱེད་པ། ཤུགས་རྐྱེན་ངན་པ་བཟོ་མཁན་བཅས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།