དབུ་ཤོག>གསར་འགྱུར།
  • རིམས་འགོག་དམག་འཐབ་ཁྲོད་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-14

    འགག་རྩའི་དུས་སུ་མདུན་དུ་སྐྱོད་པ་དང་། ཉེན་ཁའི་དུས་སུ་མདོང་མཆོང་བྱས་ཚེ་དེ་ནི་གུང་ཁྲན་ཏང་ཡོན་ངོ་མ་རེད།

    ཏང་ཡོན་སྨན་དོན་མི་སྣས་རིམས་འགོག་དམག་འཐབ་ནང་ཞུགས་རྒྱུའི་རེ་འདུན་ཞུས་པ་ནས་ཏང་ཡོན་དང་བླངས་པ་འཐབ་ཕྱོགས་དང་པོར་བསྐྱོད་པའི་བར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བཀའ་ཐོས་འཕྲལ་བྱ་སྤྱོད་སྤེལ་བ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ་ནས་འཐབ་ཕྱོགས་ཁག་གི་ཏང་ཡོན་གྱིས་རང་འགན་ནན་སྒྲུབ་དང་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་པའི་བར་ལ་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དེར་ཁ་གཏད་གཅོག་ཆེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གདོང་ལེན་པ་བྱེད་ཕོད་པ་དང་དམག་འཐབ་ནང་སྔོན་ལ་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མངོན་པར་བྱས་ཡོད།

    ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་པར་རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། མིག་སྔར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་དང་དཀའ་སྡུག་མཉམ་མྱོང་དང་ཏང་ལ་འགན་འཁུར་བའི་མཐོ་ཚད་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཞུགས་རྒྱུ་དེ་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་པ་དང་། འགན་འཁུར་ཕོད་པའི་རྡོ་ཀ་ཤུ་ཁ་དང་རྡར་རྡོ་ལྟ་བུར་བརྩིས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གང་ཐུབ་གཏོང་དགོས།

    ཀྲི་པུའུ་གཅིག་ནི་མཁར་རྫོང་ཞིག་དང་། ཏང་ཡོན་གཅིག་ནི་དར་ཆ་ཞིག་ཡིན།

    ཏང་དར་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བ་དང་། མཁར་རྫོང་འཐབ་ས་དང་པོར་བསྐྲུན་པ། འཐབ་ས་དང་པོར་ཏང་ཡོན་གྱིས་མདོང་མཆོང་བཅས་བྱེད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་མིན་འགག་རྩའི་དུས་སུ་མཐོང་ཐུབ། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་དང་རྟོག་ཞིབ་དབྱེ་འབྱེད་བཅས་བྱེད་པར་དོ་སྣང་བྱས་ཏེ། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་མཚོན་ཚུལ་དངོས་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱ་རྒྱུ་དེ། ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་དང་ལས་བྱེད་པ་གདམ་གསེས་བཀོལ་སྤྱོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་ལྕག་སྐུལ་བྱ་ཐབས་དོན་འཁྱོལ་བརྒྱུད་སྔོན་ཐོན་ལ་སློབ་སྦྱོང་དང་རང་འགན་ཐེག་པ་ཁུར་ལེན་གྱི་རྣམ་པ་ཟབ་མོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།