དབུ་ཤོག
  • བདེ་ཐང་ཆ་འཕྲིན་བཤེར་མཁན་ལ་གཞོགས་འདེགས་མི་བྱེད་མཁན་གྱི་མཇུག་འབྲས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-13

    ཉིང་སྐྱུར་བརྟག་དཔྱད་བྱེད་ཁོངས་སུ་བཅུག་པའི་མི་ཚོགས་ཀྱིས་དོན་མེད་ངང་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ཚེ་མཇུག་འབྲས་གང་ཞིག་ཐོན་སྲིད་དམ།

    《འགོ་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་པའི་ཁྲིམས་བཀོད་འོས་འགན་ལས་འགལ་ཡོད། འདི་ནི་མི་དམངས་སྲིད་གཞུང་གིས་ཛ་དྲག་གི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་མ་བྱས་པའི་བྱེད་སྤྱོད་ཅིག་ཡིན་ལ། སྤྱི་ཚོགས་ཀྱི་དོ་དམ་ལ་གནོད་འཚེ་བཏང་བའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་པས། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར། གནས་ཚུལ་མི་འདྲ་བར་གཞིགས་ཏེ། ཐ་ཚིག་སྒྲོག་པ་དང་། དངུལ་ཆད་གཅོད་པ། བཀག་ཉར་སོགས་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཆོག་པ་དང་། 《འགོ་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་ཏེ། འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས《འགོ་ནད་འགོག་བཅོས་བཅའ་ཁྲིམས》ལ་གཞིགས་ནས་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་མ་བསྟར་བའི་རྐྱེན་གྱིས་ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འཁོད་པའི་འགོ་ནད་འགོག་བཅོས་བྱེད་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་ལྟར་ཉེས་མིང་གཏན་འཁེལ་གྱིས་ཆད་པ་གཅོད་ཀྱི་ཡོད།

    སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ་སོགས་འབྲེལ་ཡོད་ས་ཆར་སྐྱོད་སྐབས་བདེ་ཐང་ཆ་འཕྲིན་བཤེར་མཁན་ལ་གཞོགས་འདེགས་མི་བྱེད་པ་དང་། ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱེད་དུ་འཇུག་པར་གཞོགས་འདེགས་མ་བྱས་ཚེ་མཇུག་འབྲས་གང་ཞིག་ཐོན་སྲིད་དམ།

    《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ན། གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་ཆོག་པ་དང་། གནས་ཚུལ་ཚབས་ལྕི་རིགས་བཀག་ཉར་བྱས་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་འགོ་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་ལྟར་ཉེས་མིང་གཏན་འཁེལ་གྱིས་ཆད་པ་གཅོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།